skip to Main Content

དགོས་མཁོ།
ཁྱོད་རའི་ལས་སྡེའི་ པར་དབང་གྱི་ སྲུང་སྐྱོབ་འབད་ནི་ ཡངན་ ལས་སྡེ་གི་མིང་ གཞན་གྱིས་ ཐོ་བཀོད་ མི་འབད་ནིའི་ མངའ་འོག་མིང་གི་དོན་ལུ་ ཞུ་ཡིག་བཙུགསཔ་ད་ ཁྱོད་རའི་ ཆ་གནས་ཅན་གྱི་ ཚོང་འབྲེལ་ཆོག་ཐམ་ ངེས་པར་དུ་དགོ།
ལས་ཚོགས་དང་ གཞུང་གི་ཡིག་ཚང་ཚུ་གིས་ མངའ་འོག་མིང་གི་དོན་ལུ་ ཞུ་ཡིག་བཙུགས་པ་ཅིན་ ཁུངས་བཏུགས་ཀྱི་དོན་ལུ་ ལས་ཚོགས་ ཡངན་ ཡིག་ཚང་གི་ འགོ་འཛིན་གྱིས་ མིང་རྟགས་བཀོད་མི་ ཞུ་ཡིག་དགོ།

མངའ་འོག་མིང་ ཐོ་བཀོད་འབད་ནིའི་དོན་ལུ་ བྱ་བའི་རིམ་པ་དང་ གོང་ཚད། (རྒྱལ་ཡོངས།)

མངའ་འོག་ཐོ་བཀོད་ཞབས་ཏོག་གི་དོན་ལུ་ འབྲི་ཤོག་བཀང་ཞིནམ་ལས་ ཉེ་འདབས་ཀྱི་ བརྒྱུད་འཕྲིན་བཏོང་ལེན་ལྟེ་བ་ལུ་ བཙུགས་དགོ།
ཁྱོད་རའི་ལས་སྡེའི་ པར་དབང་གྱི་ སྲུང་སྐྱོབ་འབད་ནི་ ཡངན་ ལས་སྡེ་གི་མིང་ གཞན་གྱིས་ ཐོ་བཀོད་ མི་འབད་ནིའི་ མངའ་འོག་མིང་གི་དོན་ལུ་ ཞུ་ཡིག་བཙུགསཔ་ད་ ཁྱོད་རའི་ ཆ་གནས་ཅན་གྱི་ ཚོང་འབྲེལ་ཆོག་ཐམ་ ངེས་པར་དུ་དགོ།
ལས་ཚོགས་དང་ གཞུང་གི་ཡིག་ཚང་ཚུ་གིས་ མངའ་འོག་མིང་གི་དོན་ལུ་ ཞུ་ཡིག་བཙུགས་པ་ཅིན་ ཁུངས་བཏུགས་ཀྱི་དོན་ལུ་ ལས་ཚོགས་ ཡངན་ ཡིག་ཚང་གི་ འགོ་འཛིན་གྱིས་ མིང་རྟགས་བཀོད་མི་ ཞུ་ཡིག་དགོ།

མངའ་འོག་མིང་ ཐོ་བཀོད་འབད་ནིའི་དོན་ལུ་ བྱ་བའི་རིམ་པ་དང་ གོང་ཚད། (རྒྱལ་སྤྱི་)
རྒྱལ་སྤྱི་ལས་སྡེ་ཚུ་གིས་ རང་སོའི་ལས་སྡེའི་མིང་དང་ ཁུངས་ལྡན་གྱི་ཡིག་ཆ་ ཆ་གནས་ཅན་གྱི་ཚོང་འབྲེལ་ ཆོག་ཐམ་དང་ ལས་རྟགས་ཡོད་པའི་ཡིག་ཤོག་གུ་ ཐིའུ་དང་བཅས་པའི་ ཞུ་ཡིག་ལ་སོགས་པ་ཚུ་ བཙུགས་ཐོག་ལས་ མངའ་འོག་མིང་གི་ཤུལ་ལུ་.bt འཐོབ་ཚུགས།

ང་བཅས་ཀྱིས་ ལས་སྡེའི་མིང་བསྡུས་ ངོས་ལེན་འབད་བའི་ཁར་ མངའ་འོག་གི་མིང་ ཚིག་འབྲུ་ཉུང་ཤོས་ཐོག་ལས་ཡང་ ངོས་ལེན་འབདཝ་ཨིན།

མངའ་འོག་གི་མིང་ ཉེན་སྲུང་དང་ལྡན་ནིའི་དོན་ལུ་ སྣ་མང་རྒྱ་བསྐྱེད་དང་སྦྲགས་པའི་ མངའ་འོག་མིང་-.bt , com.bt , org.bt ལ་སོགས་པ་ཚུ་ ཐོ་བཀོད་འབད་ཚུགས།

གོང་ཚད།
གནས་ཚད་༢ པའི་དོན་ལུ་ ལོ་རེའི་ནང་ ཡུ་ཨེསི་ཌོ་ལར་༡༠༠ རེ་ཕོགས། (དངུལ་ཁང་ལས་ བཏོང་ལེན་གྱི་འཐུས་མ་རྩིས་བར།)
གནས་ཚད་༣ པའི་དོན་ལུ་ ལོ་རེའི་ནང་ ཡུ་ཨེསི་ཌོ་ལར་༧༥ རེ་ཕོགས། (དངུལ་ཁང་ལས་ བཏོང་ལེན་གྱི་འཐུས་མ་རྩིས་བར།)

མངའ་འོག་མདུན་བསྐྱོད།

ཌོཊ་བི་ཊི་ (.bt) གི་མངའ་འོག་མིང་ཐོག་ལས་ ཐོ་བཀོད་འབད་ཡོད་པ་ཅིན་ རྒྱལ་ཁབ་ཕྱི་ཁ་ལུ་ཡང་ ཡོངས་འབྲེལ་བཙུགས་ཚུགས་(རྒྱལ་ཁབ་ནང་འཁོད་ཀྱི་ ཞབས་ཏོག་བྱིན་མི་་དང་ རྒྱལ་སྤྱིའི་ཞབས་ཏོག་བྱིན་མི་གཞན)། སྤྱོད་འཐུས་: ལོ་རེ་ལུ་ དངུལ་ཀྲམ་༡༠༠༠ རེ།

རང་གི་ཚོང་འབྲེལ་ འགོ་བཙུགས།

འབྲུག་བརྒྱུད་འཕྲིན་ ཡོངས་འབྲེལ་གཞི་བཙུགས་ཞབས་ཏོག་གིས་ མི་ངོམ་སོ་སོ་དང་ ལས་སྡེ་ དེ་ལས་ ལས་ཚོགས་ཚུ་གིས་ གནས་སྡུད་གནས་སྡུད་ཌེ་ཊ་དང་ བརྡ་དོན་ཚུ་ བརྗེ་སོར་འབད་ནིའི་དོན་ལུ་ རང་སོའི་ ཡོངས་འབྲེལ་ བཙུགས་བཅུགཔ་ཨིན། འདི་བཟུམ་མའི་ ཞབས་ཏོག་བྱིན་མི་གིས་ ཁྱོད་ར་ལག་ལེན་འཐབ་ནིའི་དོན་ལུ་ ང་བཅས་རའི་ ཡོངས་འབྲེལ་འགྲེམ་འགྲུལ་(སར་ཝར་)ནང་ ས་གོ་བྱིནམ་ཨིནམ་ད་ དེ་དང་གཅིག་ཁར་ ཉིན་ནུབ་མེད་པར་ ཡོངས་འབྲེལ་གྱི་ འབྲེལ་མཐུད་ བྱིནམ་ཨིན།

Back To Top