skip to Main Content

ང་བཅས་རའི་ སྒྲ་ལམ་རྒྱ་ཚད་འདི་ འཕེལ་འགྲིབ་རླབས་ཚད་ གི་ག་ཧཟ་༢.༥ ལག་ལེན་འཐབ་མི་ འཕྲུལ་རིག་ ཝི་མེགསི་(ཕྲ་རླབས་སྤྱོད་ལྡན་གྱི་ ཐགཔ་མེད་པའི་ནང་འཁོད་སྤྱོད་ཚུགས་མི་)གུ་ བཟོ་སྐྲུན་ འབད་འབདཝ་ཨིན། ཝི་མེགསི་ཟེར་མི་འདི་ བརྒྱུད་འཕྲིན་གྱི་ འབྲེལ་མཐུད་ཐགཔ་མ་དགོས་པར་ མྱུར་མགྱོགས་ རླུང་འཕྲིན་སྤྱོད་ལྡན་གྱི་ འཕྲུལ་རིག་ཅིག་ཨིན། འདི་གིས་ འགན་ལེན་ཅན་གྱི་ ཞབས་ཏོག་ སྤུས་ཚད་ཅན་དང་ ཁྱབ་ཆེ་དྲག་གི་ཐོག་ལས་ འབྲེལ་མཐུད་ བརྟན་ཏོག་ཏོ་སྦེ་ བྱིནམ་ཨིན།

ངག་ཐོག་ལས་ བཤད་པ་ཅིན་ ཝིགས་མེགསི་ཚོང་མགྲོན་པའི་ ས་ཁོངས་མཁོ་ཆས་ཀྱིས་ ཀཝ་ཡོད་ས་ལས་ ཀི་ལོ་མི་ཊར་༨ ཚུན་ ལྷོད་ཚུགས་པའི་ཁར་ ཝི་མེགསི་ ཡོངས་ཁྱབ་རྒྱུད་སྦྲེལ་ཅ་ཆས་(ཡུ་ཨེས་བི་)གིས་ ཀཝ་ཡོད་ས་ལས་ ཀི་ལོ་མི་ཊར་༡ ཚུན་ འབྲེལ་ཚུགསཔ་ཨིན།

རླུང་འཕྲིན་རྒྱ་ཆེའི་སྒྲལ་ལམ་དགོས་པའི་ཁུངས།

ཀ་} ང་བཅས་རའི་ རླུང་འཕྲིན་རྒྱ་ཆེའི་སྒྲ་ལམ་གྱིས་ འཕེལ་འགྲིབ་རླབས་ཚད་ཀྱི་ཆོག་ཐམ་གུ་ ལག་ལེན་འཐབ་ཨིནམ་ལས་ འདི་ལུ་བར་ཆད་རྐྱབ་ནི་མེདཔ་ད་ ཝའེ་ཕའེ་དེ་ འཕེལ་འགྲིལ་རླབས་ཚད་ཀྱི་ཆོག་ཐབ་མེད་པར་ ལག་ལེན་འཐབ་ལས་བརྟེན་ བར་ཆད་སྦོམ་སྦེ་ བྱུངམ་ཨིན།
ཁ་} ང་བཅས་རའི་ རྒྱ་ཆེའི་སྒྲ་ལམ་གྱིས་ ཚོང་མགྲོན་པ་ཚུ་ལུ་ འགན་ལེན་ཅན་གྱི་ སྤུས་ཚད་ཐོག་ལས་ ཞབས་ཏོག་བྱིནམ་ལས་ སྒྲ་ལམ་རྒྱ་ཚད་ཀྱི་ཉུང་ཤོས་ བརྒྱ་ཆ་༩༩ རེ་ ཐོབ་ཨིན།

ག་} ང་བཅས་རའི་ ཐགཔ་མེད་པའི་ རྒྱ་ཆེའི་སྒྲ་ལམ་གྱིས་ ཀི་ལོ་མི་ཊར་༨ ཚུན་ ཐགཔ་མེད་པའི་ འབྲེལ་མཐུད་བྱིནམ་ཨིན།

Back To Top