skip to Main Content

རང་གི་ཆ་རོགས་ལ་སོགས་པ་ ཕ་ཧོང་མའི་མི་གིས་ འགྲུལ་འཕྲིན་བཏངམ་ད་ ཧན་ཏོང་ཏོ་སྦེ་ གོ་ནི་གི་དོན་ལུ་ ནམ་རྒྱུན་གྱི་ འགྲུལ་འཕྲིན་བརྡ་སྐད་ “ཏི་རིང་ ཏི་རིང” ཟེར་མི་དེ་ བཀག་བཞག་སྦེ་ རང་དགའ་མི་ གླུ་བཞེས་ཀྱི་ དབྱངས་སྒྲ་ གདམ་ཁ་རྐྱབ་སྟེ་ སྤྱོད་བཏུབ་བཟོ་བཞག་དགོ། འདི་གི་དོན་ལུ་ ཡིག་འཕྲིན་ ཡངན་ མི་སྐད་བར་འབྲེལ་ངོས་ལེན་(ཨའི་ཝི་ཨར་) ཡངན་ དབྱངས་སྙན་མཛོད་སྒོ་(བི་ ཊི་འུནསི་ པོར་ཊལ་) ཞབས་ཏོག་གང་རུང་ཐོག་ལས་ ནུས་ལྡན་བཟོ་དགོ།

བི་ ཊི་འུནསི་གི་ རྒྱུན་མངགས།

ད་རིས་འབདཝ་ད་ ཁྱོད་ཀྱིས་ དྲྭ་ཐོག་ལས་ བི་ ཊི་འུནསི་ པོར་ཊལ་ལུ་ རྒྱུན་མངགས་འབད་ཚུགས།
༡) ཨང་༥༠༥༠ ལུ་ བི་ ཊི་འུནསི་པོར་ཊལ་ལུ་ བཏང་།
༢) བི་ ཊི་འུནསི་ པོར་ཊལ་ནང་ འགྱོ།

ཞབས་ཏོག་འདི་ གཤམ་གསལ་བྱ་བའི་རིམ་པ་དང་འཁྲིལ་ཏེ་ ཡིག་འཕྲིན་བརྒྱུད་དེ་ ནུས་ལྡན་བཟོ་དགོ།

ཀ་} ཨང་༥༠༥༠ ལུ་ ཡིག་འཕྲིན་བཏང་།

༡ ཁྱོད་རའི་ འགྲུལ་འཕྲིན་ཨང་ནང་ བི་ ཊི་འུནསི་ ནུས་ལྡན་བཟོ་ཚུགས་ནིའི་དོན་ལུ་ བི་ ཊི་འུནསི་ནུས་བཟོ་// བི་ ཊི་འུནསི་ནུས་བཟོ་ཟེར་ས་ལུ་ མཛུབ་གནོན་རྐྱབ་སྟེ་ ཨང་༥༠༥༠ ལུ་ ཡིག་འཕྲིན་ བཏང་ཐོག་ལས་ བཟོ་ཚུགས།
༢ ཁྱོད་རའི་ འགྲུལ་འཕྲིན་ཨང་ནང་ བི་ ཊི་འུནསི་ ནུས་མེད་བཟོ་ཚུགས་ནི་དང་ ཡངན་ སི་ཨར་བི་ཊིའི་ཐོ་བཀོད་ལས་ ཕྱིར་ཐོན་འབད་ནིའི་དོན་ལུ་ བི་ ཊི་འུནསི་ནུས་མེད་// བི་ ཊི་འུནསི་ནུས་མེད་ཟེར་ མཛུབ་གནོན་རྐྱབ་སྟེ་ ཨང་༥༠༥༠ ལུ་ ཡིག་འཕྲིན་ བཏང་ཐོག་ལས་ འབད་ཚུགས།
༣ བརྡ་སྐད་ཀྱི་ སྙན་ཆ་སོར་ནིའི་དོན་ལུ་ དབྱངས་སྙན་-གླུ་གཞས་ངོས་འཛིན་ (བི་ ཊི་འུནསི་ཊོན་-སོང་ཨའི་ཌི་) //  དཔྱེ་འབད་བ་ཅིན་ ” བི་ ཊི་འུནསི་༡༠ ”

༤ མི་གཞན་གྱི་ དབྱངས་སྙན་བརྡ་སྐད་ འདྲ་བཤུས་འབད་ནིའི་དོན་ལུ་ དབྱངས་སྙན་ འགྲུལ་འཕྲིན་ཨང་འདྲ་བཤུས་འབད། (བི་ ཊི་འུནསི་ ཀོ་པི་ མོ་བཱ་ཡེལ་ནམ་བར་)// དཔྱེ་འབད་བ་ཅིན་ བི་ ཊི་འུནསི་ ༡༧༠༠༡༠༠༢།
༥ ཁྱོད་རའི་ཆ་རོགས་ལུ་ དབྱངས་སྒྲ་ ཧེན་ཏོང་ཏོ་ཅིག་ ཁྱོསམ་འབད་བྱིན་དགོ་པ་ཅིན་ བི་ ཊི་འུནསི་ དབྱངས་སྒྲ་ཁྱོསམ་-འགྲུལ་འཕྲིན་ངོས་འཛིན་-ཨང་ (བི་ ཊི་འུནསི་ གིཕཊ་ཊོན་-ཨའི་ཌི་མོ་བཱ་ཡེལ་-ནམ་བར།)// དཔྱེ་འབད་བ་ཅིན་ བི་ ཊི་འུནསི་ ཁྱོསམ་ ༡༠ ༡༧༠༠༡༠༠༢།

༡ དབྱངས་སྒྲའི་གནས་སྟངས་ བལྟ་ནིའི་དོན་ལུ་ བི་ ཊི་འུནསི་མཐོང་སྣང་
༢ གྲོགས་རམ་གྱི་དོན་ལུ་ བི་ ཊི་འུནསི་གྲོགས་རམ་(བི་ ཊི་འུནསི་ ཧེལཔ།)

  མི་སྐད་བར་འབྲེལ་ངོས་ལེན། (ཨའི་ཝི་ཨར།)

  1. ཨང་༥༠༥༠ ལུ་ བརྒྱུད་འཕྲིན་བཏང་སྦེ་ གཤམ་གསལ་ བཀོད་རྒྱ་དང་འཁྲིལ་ཏེ་ འབད།
  2. ཨིང་ལིཤ་ཁ་སྐད་ཀྱི་དོན་ལུ་༡ ཨེབ་ནི་དང་ རྫོང་ཁའི་ཁ་སྐད་ཀྱི་དོན་ལུ་༢ ཨེབ།
  3. ཆ་རོགས་ཀྱི་ བརྡ་སྐད་དབྱངས་སྒྲ་ འདྲ་བཤུས་འབད་ནི་ ཡངན་ གསརཔ་ཐོ་བཀོད་འབད་ནིའི་དོན་ལུ་ ཨང་༡ ཨེབ།
  4. ཨར་ཨེ་པི་དང་ ཨར་ཨེན་བི་མིང་གནས་ཚུ་ ཉན་ནིའི་དོན་ལུ་ ཨང་༢ ཨེབ།
  5. རོཀ་སྙན་ཆ་ཉན་ནིའི་དོན་ལུ་ ཨང་༣ ཨེབ།
  6. ཀ་ལ་སིཀ་ ཨེསི་༧༠ དང་ཨེསི་༨༠ ཉན་ནིའི་དོན་ལུ་ཨང་༤ ཨེབ།
  7. ཊེག་ནོ་ཧ་འུསི་དང་ཌནསི་ཉན་ནིའི་དོན་ལུ་ ཨང་༥ ཨེབ།
  8. ཀ་ལ་སི་ཀལ་དང་ ཕོལཀ་ཉན་ནིའི་དོན་ལུ་ ཨང་༦ ཨེབ།
  9. རྒྱང་མཐོང་བརྗོད་དོན་དང་སྙན་ཆ་ཉན་ནིའི་དོན་ལུ་ཨང་༧ ཨེབ།
  10. རེག་གེ་ཉན་ནིའི་དོན་ལུ་ ཨང་༨ ཨེབ།
  11. པ་རོ་ཌེ་ཉན་ནིའི་དོན་ལུ་ཨང་༩ ཨེབ།

ཨིང་ལིཤ་དང་རྫོང་ཁ་ དེ་ལས་ ཧིནྡི་གི་ གླུ་གཞས་གསར་ཤོས་ ཉན་བལྟ་ནིའི་དོ་  འདི་ན་ཨེབ།

 

 དབྱངས་མང་ལུ་རྒྱུན་མངགས།
ཨང་༥༠༥༠ ལུ་ དབྱངས་མང་ལྷོད་བཅུག་ཟེར་ མཛུབ་གནོན་རྐྱབ་སྟེ་ བཏང་།
(ཨི་ཨེམ་ཊི་= དབྱངས་མང་ལྷོད་བཅུག།

{བི་ ཊི་འུནསི་ལག་ལེན་འཐབ་མི་ཚུ་གིས་ དབྱངས་མང་ལྷོད་བཅུག་ (ཨི་ཨེམ་ཊི་) ལག་ལེན་འཐབ་ཐོག་ལས་ རྫོང་ཁ་དང་ ཨིང་ལིཤ་ལ་སོགས་པའི་ དབྱངས་སྒྲ་མ་འདྲཝ་༥ མཁོ་མངགས་འབད་ཚུགས། གལ་སྲིད་ བི་ ཊི་འུནསི་ལག་ལེན་འཐབ་མི་གིས་ དབྱངས་སྒྲ་༦ པ་ ཁ་སྐོང་རྐྱབ་ནི་འབད་བ་ཅིན་ རིམ་ལུགས་ཀྱིས་ ཚད་ལས་བརྒལ་བའི་ ཡིག་འཕྲིན་བཏང་འོང་། བི་ ཊི་འུནསི་ལག་ལེན་འཐབ་མི་གིས་ ཐོ་ནང་ལས་དབྱངས་སྒྲ་གཅིག་ ཕྱིར་བཏོན་འབད་ཞིནམ་ལས་རྐྱངམ་གཅིག་ ཁ་སྐོང་འབད་བཏུབ།}

 མཁོ་མངགས་འབད་མི་ དབྱངས་སྒྲའི་ཐོ་ཚུ་ ག་དེ་སྦེ་ བལྟ་ནི་:
ཨང་ ༥༠༥༠ ལུ་ དབྱངས་སྙན་མཐོང་སྣང་ ཟེར་ མཛུབ་གནོན་རྐྱབ་ཞིན་ན་ བཏང་།
( མཁོ་མངགས་འབད་མི་ དབྱངས་སྒྲ་ཚུ་ ཆ་མཉམ་ར་ ཡིག་འཕྲིན་གྱི་ཐོག་ལས་ གསལ་སྟོན་འབད་འོང་།

 དབྱངས་སྒྲ་ ག་དེ་སྦེ་ གསུབ་ནི།
ཨང་ ༥༠༥༠ ལུ་ ཌི་ཨི་ཨེལ་ཨར་བི་ཊི་ ཟེར་ མཛུབ་གནོན་རྐྱབ་ཞིན་ན་ བཏང་།

ག་དེ་སྦེ་ དབྱངས་མང་བཏོག་བཅུག་ནི་ ཨིན་ན།:
ཨང་ ༥༠༥༠ ལུ་ ཌི་ཨེམ་ཊི་ ཟེར་ མཛུབ་གནོན་རྐྱབ་ཞིན་ན་ བཏང་།
(ཌི་ཨེམ་ཊི་ = དབངས་མང་བཏོག་བཅུག།

བི་ ཊི་འུནསི་ལག་ལེན་འཐབ་མི་གིས་ དབྱངས་མང་བཏོག་བཅུག་(ཌི་ཨེམ་ཊི་) ལུ་ བཏངམ་ད་ ལག་ལེན་འཐབ་མིའི་ འགྲུལ་འཕྲིན་ནང་ དབྱངས་སྒྲ་༥ ལས་ གསར་ཤོས་ཅིག་རྐྱངམ་གཅིག་ བརྡ་སྐད་སྦེ་ལུས་ནི་ ཨིནམ་ད་ དབྱངས་སྒྲ་གཞན་ཚུ་ ཆ་མཉམ་ར་ གསུབ་འགྱོ་འོང་།
དབྱངས་སྒྲའི་སྤྱོད་འཐུས་ཚད་གཞི།

འཆར་རིམ་ གོང་ཚད་ གོང་ཚད་དངུལ་ཀྲམ་ནང་
ཨང་ ༥༠༥༠ འཕྲིན་བཏང་ནིའི་ མི་སྐད་བར་འབྲེལ་ངོས་ལེན་གྱི་འཐུས།
ཉིན་བསྟར་རྒྱུན་མངགས་ཀྱི་འཐུས། ཉིནམ་རེ་ལུ་དངུལ་ཀྲམ་ ༡
ཕབ་ལེན་གྱི་ཡོད་ཐོ་(འདྲ་བཤུས་དང་ ཁྱོསམ་ དེ་ལས་ བརྗེ་སོར་) གླུ་གཞས་ ༥
ཨང་ ༥༠༥༠ ལུ་ ཡིག་འཕྲིན་བཏང་འཐུས།
Back To Top