skip to Main Content

ངེའི་བརྒྱུད་འཕྲིན་(མའེ་བི་ཊི་) ཟེར་མི་འདི་ འབྲུག་བརྒྱུད་འཕྲིན་གྱི་ རང་གཅེས་སྤྱོད་སྒོ་ཅིག་ཨིནམ་ད་ ཚོང་མགྲོན་པ་ཚུ་གིས་ འགྲུལ་འཕྲིན་ནང་ན་ར་ ལཱ་ ཧ་ལམ་ ག་ར་འབད་ཚུགས། ངེའི་བརྒྱུད་འཕྲིན་གྱི་ སྤྱོད་སྒོ་དེ་ ཨའི་ཨོ་ཨེསི་གི་དོན་ལུ་ སྤྱོད་སྒོ་ཀྱི་མཛོད་ནང་ལས་ཕབ་ལེན་འབད་ཚུགས་ནི་དང་ ཨེན་ཌོའིཌ་འགྲུལ་འཕྲིན་ཚུ་གིས་དོན་ལུ་ གཱུ་གལ་པེལེ་ནང་ལས་ ཕབ་ལེན་འབད་ཚུགས།

ངེའི་བརྒྱུད་འཕྲིན་གྱིས་ གཤམ་གསལ་ཞབས་ཏོག་ཚུ་ བྱིནམ་ཨིན།

    རང་གཅེས་ཞབས་ཏོག།

ཀ འགྲུལ་འཕྲིན་སྔོན་སྤྲོད་ ཞབས་ཏོག།

  • ལྷག་ལུས་བརྟག་དཔྱད།
  • བསྐྱར་གསོ།
  • ཤོག་བྱང་བསྐྱར་བཟོ།
  • ལྷག་ལུས་ངོ་མ་ལས་ གནས་སྡུད་འཆར་གཞི་ (གནས་སྡུད་ཌེ་ཊ་ པ་ལན་) མཁོ་མངགས།
  • རང་སྤྱོད་ཞབས་ཏོག་ (ཨེམ་སི་ཨེ་/ སི་ཨར་བི་ཊི་ནུས་ལྡན་བཟོ་ནི་/ དབྱངས་སྒྲ་ མཁོ་མངགས་འབད་ནི།)
  • ངོ་སྤྲོད་ལོ་རྒྱུས་མདོར་བསྡུས་ བལྟ་ནི།

 

.      འགྲུལ་འཕྲིན་ཤུལ་སྤྲོད་ ཞབས་ཏོག།

  • སྤྱོད་རྩིས་ སྤྲོད་དགོཔ་ བལྟ་ནི།
  • ངོ་སྤྲོད་ལོ་རྒྱུས་ མདོར་བསྡུས་ བལྟ་ནི།
  • སྤྱོད་འཐུས་ སྤྲོད་ནིའི་དུས་ཚོད་མཇུག་ བརྟག་ཞིབ་འབད་ནི།
  • རང་སྤྱོད་ཞབས་ཏོག་ (ཨེམ་སི་ཨེ་/ སི་ཨར་བི་ཊི་ནུས་ལྡན་བཟོ་ནི་/ དབྱངས་སྒྲ་ མཁོ་མངགས་འབད་ནི།

 

.     རྒྱ་ཆེའི་སྒྲ་ལམ་ ཤུལ་སྤྲོད་ ཞབས་ཏོག།

  • རྩིས་བིལ་ བལྟ་ཞིབ་འབད་ནི།
  • སྤྱོད་འཐུས་ སྤྲོད་ནིའི་དུས་ཚོད་མཇུག་ བརྟག་ཞིབ་འབད་ནི།
  • ངོ་སྤྲོད་ལོ་རྒྱུས་ མདོར་བསྡུས་ བལྟ་ནི།

 

.      རྒྱ་ཆེ་སྒྲ་ལམ ་སྔོན་སྤྲོད་ ཞབས་ཏོག།

  • ལྷག་ལུས་ བརྟག་ཞིབ།
  • གནས་ཡུན་ བརྟག་ཞིབ།
  • རྒྱ་ཆེའི་སྒྲམ་ ལམ་འཆར་གཞི་ཚུ་ བལྟ་ནི།
  • ངོ་སྤྲོད་ལོ་རྒྱུས་ མདོར་བསྡུས་ བལྟ་ནི།

 

.      བརྒྱུད་འཕྲིན།

  • ངོ་སྤྲོད་ལོ་རྒྱུས་ མདོར་བསྡུས་ བལྟ་ནི།
  • རྩིས་བིལ་ བལྟ་ཞིབ་འབད་ནི།
  • སྤྱོད་འཐུས་ སྤྲོད་ནིའི་ དུས་ཚོད་མཇུག་ བརྟག་ཞིབ་འབད་ནི།

 

  གློག་ཐོག་འཐུས་བཙུགས། (ཨི་ལོཌ་)

  • སྤྱོད་འཐུས་ བསྐྱར་གསོ།
  • ལྷག་ལུས་ བརྟག་ཞིབ།
  • འཕྲལ་གྱི་སྤྲོད་ལེན་ ལོ་རྒྱུས་ བལྟ་ནི།
  • གསང་ཨང་ (ཨེམ་ པིན་) སོར་ནི།

བི་དངུལ། (བི་-ཝ་ལེཊ་)

  • སྤྱོད་འཐུས་ བསྐྱར་གསོ།
  • ནང་འཁོད་ དངུལ་ཁང་ནང་ མ་དངུལ་བཏང་ནི།
  • སྤྱོད་འཐུས་ རྩིས་བཱིལ་ སྤྲོད་ནི། (བརྒྱུད་འཕྲིན་/རྒྱ་ཆེའི་སྒྲ་ལམ་/འགྲུལ་འཕྲིན་ཤུལ་སྤྲོད་)
  • ཕན་ཆས་ སྤྱོད་འཐུས་ཀྱི་ རྩིས་བཱིལ་ སྤྲོད་ནི།(འབྲུག་གློག་མེ་ལས་འཛིན་)
  • འཕྲལ་གྱི་སྤྲོད་ལེན་ ལོ་རྒྱུས་ བལྟ་ནི།
  • གསང་ཨང་ (ཨེམ་ པིན་) སོར་ནི།

བི་དངུལ་- དངུལ་ཁུག་ལས་ཡང་ ཁེ་ཕན་སྦོམ།

བི་-དངུལ་འདི་ འགྲུལ་འཕྲིན་དངུལ་འབྲེལ་ཕན་ཐབས་ཅིག་ཨིནམ་ད་ འདི་ཡང་ ངེའི་བརྒྱུད་འཕྲིན་སྤྱོད་སྒོ་བརྒྱུད་དེ་ ལག་ལེན་འཐབ་ཚུགས་ནི་དང་ ཡངན་ ཡུ་ཨེསི་ཨེསི་ཌི་གྱི་ ཨང་*111# or *555# གི་ཐོག་ལས་ འབྲེལ་བ་འཐབ་ཐོག་ལས་ ལག་ལེན་འཐབ་ཚུགས། ཞབས་ཏོག་གི་དམིགས་དོན་ངོ་མ་ར་ དངུལ་ཁང་གི་ རྩིས་ཁྲ་མེད་མི་ཚུ་གིས་ འགྲུལ་འཕྲིན་ཐོག་ལས་ དངུལ་འབྲེལ་ཚུ་ སྤྲོད་ལེན་ འབད་ཚུགས་ནིའི་དོན་ལུ་ ཨིན།

བི་-མོ་བཱ་ཡེལ་གྱི་ ཨང་འཆང་མི་ ཚོང་མགྲོན་པ་ག་འབད་རུང་ ཞབས་ཏོག་གི་དོན་ལུ་ ཐོ་བཀོད་འབད་ཚུགས། ཐོ་བཀོད་ཀྱི་དོན་ལུ་ ང་བཅས་ཀྱི་ ཡོངས་འབྲེལ་ འཆར་སྒོ་ནང་ལས་ ཕབ་ལེན་འབད་བའི་ འབྲི་ཤོག་ ཡངན་ ང་བཅས་རའི་ཡིག་ཚང་ གང་རུང་ལས་ ཐོབ་པའི་འབྲི་ཤོག་ བཀང་སྟེ་ འབྲུག་བརྒྱུད་འཕྲིན་གྱི་ཡིག་ཚང་ ག་སྟེ་ཡོད་ས་ལུ་ བཙུགས་རུང་ བཏུབ།

བི་-དངུལ་ལུ་ གཤམ་གསལ་ ཁྱད་ཆོས་ཚུ་དང་ ལྡནམ་ཨིན།
འགྲུལ་འཕྲིན་དང་ རྒྱ་ཆེའི་སྒྲ་ལམ་གྱི་ སྔོན་སྤྲོད་ཚུ་ བསྐྱར་གསོ་འབད་ཚུགས།
བི་-དངུལ་གྱི་རྩིས་ཁྲ་འཆང་མི་ ནང་ཕན་ཚུན་ལུ་ ཏི་རུ་བཏང་ཚུགས་པའི་ཁར་ བི་-དངུལ་རྩིས་ཁྲ་འཆང་མི་ལས་ གཞན་ལུ་ཡང་ ཏི་རུ་བཏང་ཚུགས།
འབྲུག་བརྒྱུད་འཕྲིན་ ཤུལ་སྤྲོད་ཞབས་ཏོག་གི་ སྤྱོད་འཐུས་སྤྲོད་ནི་-འགྲུལ་འཕྲིན་/ རྒྱ་ཆེའི་སྒྲ་ལམ་/ བརྒྱུད་འཕྲིན།
འབྲུག་གློག་མེ་ལས་འཛིན་ལུ་ གློག་མེ་སྤྱོད་འཐུས་ སྤྲོད་ནི།
ཏི་རུ་བཙུགས་ནི་དང་ བཏོན་ནི་- བི་-དངུལ་ནང་ ཏི་རུ་བཙུགས་ནི་དང་ བི་-དངུལ་ལས་ ཏི་རུ་བཏོན་ནིའི་ཞབས་ཏོག་ཚུ་གི་དོན་ལུ་ ང་བཅས་ཀྱི་ འབྲུག་བརྒྱུད་འཕྲིན་ཡིག་ཚང་བྱོན་ཐོག་ལས་ འབད་ཚུགས་ནི་དང་ ཡངན་ ཐོ་བཀོད་འབད་ཡོད་པའི་ དངུལ་ཁང་རྩིས་ཁྲ་ལས་ཡང་ བཏང་ཚུགས།
བི་དངུལ་ལག་ལེན་འཐབ་པའི་ ཁེ་ཕན།
བསྐྱར་གསོའི་ཤོག་བྱང་ ཡངན་ ཨི་ལོཌ་གི་དོན་ལུ་ བྱལཝ་འཐབ་མི་དགོ།
འགྲུལ་འཕྲིན་གྱི་ཞབས་ཏོག་ ཁྱབ་ཚད་ཡོད་ས་ལས་ ནམ་ར་འབད་རུང་ ཡངན་ ག་ཏེ་ལས་འབད་རུང་ བྱ་སྟབས་བདེ་ཏོག་ཏོ་སྦེ་  བསྐྱར་གསོ་འབད་ཚུགས།
འབྲུག་བརྒྱུད་འཕྲིན་དང་ འབྲུག་གློག་མེ་ལས་འཛིན་གྱི་ ཡིག་ཚང་ནང་ བྱོན་མ་དགོས་པར་ འཇམ་ཏོང་ཏོ་སྦེ་ རང་གི་སྤྱོད་འཐུས་རྩིས་བཱིལ་ལུ་ བཏབ་ཚུགས།
ཐག་ཉེ་རིང་ལུ་མ་བལྟས་པར་ རང་གི་དགའཝ་མཐུནམ་ལུ་ ཏི་རུ་འཇམ་ཏོང་ཏོ་སྦེ་ བཏང་ཚུགས།
གནད་དོན་ཁག་ཆེ་ཤོས་ར་ ཁྱོད་ལུ་ དངུལ་ཁང་གི་རྩིས་ཁྲ་དང་ ཡོངས་འབྲེལ་ འབྲེལ་མཐུད་མེད་པར་ བི་-དངུལ་ལག་ལེན་འཐབ་ཚུགས།

མ་འོངས་པའི་ནང་ ཚོང་འབྲེལ་རིན་སྤྲོད་ཀྱི་ ཐབས་ལམ་ལ་སོགས་པ་བཏོན་ཏེ་ ཚོང་མགྲོན་པ་གིས་ ཚོང་ ཉོ་བཙོང་འཐབ་ཚུགས་ནི་དང་ སྤྱོད་འཐུས་ཀྱི་རྩིས་བཱིལ་ཚུ་ཡང་ གདམ་ཁ་དང་འཁྲིལ་ཏེ་ བཏབ་ཚུགསཔ་བཟོ་ནི་ཨིན།

Back To Top