ཨི་ཨར་པི།
ཚོང་ལས་ཐོན་སྐྱེད་འཆར་གཞང་(ཨི་ར་པི་)།
ཚོང་ལས་ཐོན་སྐྱེད་འཆར་གཞི་རིམ་ལུགས་ཀྱིས་ ལས་སྡེ་ཚུའི་ ཡིག་ཚང་ལས་སྣ་ དཔྱེ་འབད་བ་ཅིན་ དངུལ་རྩིས་དང་ མི་སྟོབས་ དེ་ལས་ རྒྱུ་ཆས་ཀྱི་འཛིན་སྐྱོང་ཚུ་ གཅིག་ཁར་བསྡོམས་ཏེ་ འཛིན་སྐྱོང་འབད་ཚུགས་ནི་ལུ་ ཁེ་ཕན་ཡོད།ཚོང་ལས་ཐོན་སྐྱོད་འཆར་གཞི་རིམ་ལུགས་ (ཨི་ཨར་པི་) ཟེར་མི་འདི་ ལག་ལེན་ཆ་མཉམ་ར་ ཕྱོགས་གཅིག་ལུ་ གཅིག་ཁར་སྤྱོད་ཚུགས་པའི་ མཉན་ཆས་ཅིག་ཨིན། འདི་གི་ནང་འཁོད་ལུ་ ཐོན་སྐྱེད་ཀྱི་འཆར་གཞི། གོང་འཕེལ། བཟོ་སྐྲུན། ཚོང་བཙོང་དང་ཚོང་བསྒྲགས་ཚུ་ ཚུདཔ་ཨིན། འདི་ཚུ་ག་ར་ གནས་སྡུད་(གནས་སྡུད་ཌེ་ཊ་) རྐྱང་པའི་ནང་ ལག་ལེན་འཐབ་ཚུགས།
ཚོང་ལས་ཐོན་སྐྱེད་ འཆར་གཞི་མཉན་ཆས་ཀྱི་ ཁྱད་ཆོས་གཙོ་ཅན་ཚུ།
- དངུལ་རྩིས།
- མི་སྟོབས།
- རྒྱུ་ཆས་འཛིན་སྐྱོང་།
- ལས་འགུལ།
- རྩིས་ཁྲ།
