skip to Main Content
[vc_row][vc_column][vc_custom_heading text=”ག་ཅི་སྦེ་གནས་སྡུད་ལྟེ་བ།” font_container=”tag:h2|text_align:center|color:%235fbb49″ use_theme_fonts=”yes”][/vc_column][/vc_row][vc_row][vc_column][vc_column_text]གནས་སྡུད་(གནས་སྡུད་ཌེ་ཊ་)ལྟེ་བ་དགོས་པའི་ཁུངས།

བརྡ་དོན་འཕྲུལ་རིག་ ལག་ལེན་ཚུ་ ལས་ཚོགས་མང་ཤོས་ཀྱི་ འཛིན་སྐྱོང་འཐབ་ནི་ལུ་ མེད་ཐབས་མེདཔ་ཅིག་སྦེ་ འགྱུར་སྟེ་ཡོད།  དེའི་ནང་གསེས་ལས་ཡང་ ཚོང་འབྲེལ་གྱི་རྒྱུན་སྐྱོང་དང་ ལས་སྡེ་ཚུ་གིས་ རང་སོའི་བརྡ་དོན་ཚུ་ རྒྱུན་མ་ཆད་པར་ བཞག་ཐབས་ལུ་ ངེས་པར་དུ་མཁོ་ཆེ་བའི་ རྒྱུ་ཆས་ཅིག་ལུ་ འགྱུར་སྟེ་ཡོདཔ་ཨིན། གལ་སྲིད་ བརྡ་དོན་གྱི་རིམ་ལུགས་འདི་ མེདཔ་ཐལ་སོང་པ་ཅིན་ ལས་སྡེ་ཚུ་ རྒྱུན་སྐྱོང་ འབད་མ་ཚུགས་པའི་ཁར་ གཏན་འཇགས་སྦེ་ སྒོ་བསྡམ་དགོཔ་ཡང་ འཐོན་འོང་། བརྡ་དོན་ལག་ལེན་འཐབ་ད་ བར་ཆད་མི་འབྱུང་ནིིའི་དོན་ལུ་ ཁག་ཆེ་བའི་ ཁུངས་ལྡན་གྱི་ གཞི་རྟེན་མཁོ་ཆས་ཚུ་ མཁོ་སྤྲོད་འབད་དགོཔ་ ཁག་ཆེ།  བརྡ་དོན་ཉེན་སྲུང་ཡང་ ཁག་ཆེ་བའི་ གནས་སྟངས་ཅིག་ཨིནམ་ལས་ དེ་གི་དོན་ལུ་ གནས་སྡུད་(གནས་སྡུད་ཌེ་ཊ་)ལྟེ་བ་གིས་ ཉེན་སྲུང་ལྡནམ་སྦེ་ ལག་ལེན་འཐབ་ལས་བརྟེན་ ཉེན་སྲུང་ཅན་གྱི་ ས་གོ་དགོཔ་ཡང་ གནམ་མེད་ས་མེད་ཁག་ཆེ།

གནས་སྡུད་(གནས་སྡུད་ཌེ་ཊ་)ལྟེ་བ་ག་ར་གིས་ ཨ་མ་ཟོན། གདོང་དེབ། ཨི་-བེ། ཌིསི་ནེ་ ཝལཌི་ ལ་སོགས་པ་ཚུ་ སྦོམ་ཆུང་དང་ ཁག་ཆེ་ཆུང་གི་ ཁྱད་པར་མ་བལྟ་བར་ བརྡ་དོན་ཚུ་ རྒྱུན་མ་ཆད་པར་ ལག་ལེན་འཐབ་སྟེ་ར་ སྡོད་འོང་།

[/vc_column_text][/vc_column][/vc_row]
Back To Top