skip to Main Content

རྒྱུད་རིམ་༤ པ་(ཕོར་ཇི་) དང་༣ པ་(ཐི་རི་ཇི་ ) གི་ཁྱད་པར་ གཙོ་ར་ ཡོངས་འབྲེལ་གྱི་ མགྱོགས་ཚད་འདི་ཨིན། རྒྱུད་རིམ་༣  པ་(ཐི་རི་ཇི་ ) གི་ཌེ་ཊ་མགྱོགས་ཚད་དེ་ སྐར་ཆ་རེ་ལུ་མེ་ག་བ་ཡེཀ་ (ཨེམ་བི་པི་ཨེས་) ༢༡ ཚུན་ཨིནམ་ད་ རྒྱུད་རིམ་༤ པ་(ཕོར་ཇི་) གི་ གནས་སྡུད་ (ཌེ་ཊ་) མགྱོགས་ཚད་དེ་ སྐར་ཆ་རེ་ལུ་མེ་ག་བ་ཡེཀ་ (ཨེམ་བི་པི་ཨེས་)༡༥༠  ཚུན་ཡོདཔ་ཨིན།
ང་གིས་ རྒྱུད་རིམ་༣ པ་(ཐི་རི་ཇི་ ) ལས་ ༤ པ་(ཕོར་ཇི་) ལུ་ ག་དེ་སྦེ་ དུས་མཐུན་བཟོ་ཚུགས་ག?
ཁྱོད་རའི་ འགྲུལ་འཕྲིན་གྱི་ རྒྱུད་རིམ་༤ པ་(ཕོར་ཇི་) གི་ སི་ཤོག་ (སིམ་ཀཌ་) བཙུགས་དགོ། འདི་གི་དོན་ལུ་ འབྲུག་བརྒྱུད་འཕྲིན་གྱི་ ཞབས་ཏོག་ལས་ཚབ་ཡིག་ཚང་ གང་རུང་ནང་ལས་ འཐོབ་ཚུགས།
རྒྱུད་རིམ་༤ པ་(ཕོར་ཇི་) གི་ཞབས་ཏོག་ རྒྱུན་མངགས་འབདཝ་ད་ལུ་ མཐུན་རྐྱེན་ ག་ཅི་ར་ དགོཔ་ཨིན་ན?
ཁྱད་རའི་འགྲུལ་འཕྲིན་གྱིས་ རྒྱུད་རིམ་༤ པ་(ཕོར་ཇི་) ལག་ལེན་འཐབ་བཏུབ་པའི་ འཕྲུལ་རིགས་(རླབས་ཚད་ སྒྲ་ལམ་རྒྱ་ཚད་ (བེནཌ་ཝིད་) མེ་ག་ཧཛ་༡༨༠༠ / སྒྲ་ལམ་(བེནཌ་)༣ འབད་མི་ དགོ་པའི་ཁར་ འབྲུག་བརྒྱུད་འཕྲིན་གྱི་ རྒྱུད་རིམ་༤ པ་(ཕོར་ཇི་) གི་ སིམ་ཤོག་ (སིམ་ཀཌ་) དགོ།
རྒྱུད་རིམ་༤ པ་(ཕོར་ཇི་) གི་ སིམ་ཤོག་ (སིམ་ཀཌ་) འདི་ ག་སྟེ་ལས་འཐོབ་ག?
རྒྱུད་རིམ་༤ པ་(ཕོར་ཇི་) གི་ སིམ་ཤོག་ (སིམ་ཀཌ་) འདི་ ཉེ་འདབས་ཀྱི་ འབྲུག་བརྒྱུད་འཕྲིན་ཞབས་ཏོག་ཡིག་ཚང་ ག་ར་ལས་འཐོབ་ཚུགས།
འགྲུལ་འཕྲིན་གྱིས་ རྒྱུད་རིམ་༤ པ་(ཕོར་ཇི་) ལག་ལེན་འཐབ་བཏུབ་ མི་བཏུབ་ ག་དེ་སྦེ་ ཤེས་ག?
ཁྱོད་རའི་ འགྲུལ་འཕྲིན་གྱིས་ སྒྲ་ལམ་འཕེལ་འགྲིབ་རླབས་ཚད་ (བེནཌ་) མེ་ག་ཧཛ་༡༨༠༠ སྒྲ་ལམ་(བེནཌ་༣) འབད་མི་ སྤྱོད་ཚད་ཀྱི་ ལྕོགས་གྲུབ་ལྡན་མི་དགོ།
འབྲུག་བརྒྱུད་འཕྲིན་གྱི་ རྒྱུད་རིམ་༤ པ་(ཕོར་ཇི་) གི་ སིམ་ཤོག་ (སིམ་ཀཌ་) འཐོབ་ནིའི་དོན་ལུ་ ག་ཅི་ར་དགོཔ་ཨིན་ན?
ཁྱོད་རའི་མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ་བཤུས་ཅིག་དང་ ཁྲིམས་རྟགས་ཅིག་ འབག་འོང་དགོ།
དེ་ལས་ ཁྱོད་ར་ ཚོང་མགྲོན་པའི་ ཡིག་ཚང་ནང་བྱོན་ཞིན་ན་ སིམ་ཤོག་ ཐོ་བཀོད་ཀྱི་འབྲི་ཤོག་བཀང་ནི་དང་ ཡང་ན་ སིམ་ཤོག་ཚབ་ཀྱི་ འབྲི་ཤོག་བཀང་དགོ།

འབྲུག་བརྒྱུད་འཕྲིན་ཚད་ཀྱི་ རྒྱུད་རིམ་༤ (ཕོར་ཇི་) པའི་ སིམ་ཤོག་ (སིམ་ཀཌ་) གི་ རིན་གོང་ ག་དེ་ཅིག་ཨིན་ན?
ཁྱོད་ར་ལུ་ ཧེ་མ་ལས་ འབྲུག་བརྒྱུད་འཕྲིན་གྱི་ སིམ་ཤོག་ (སིམ་ཀཌ་) ཡོད་པ་ཅིན་ རྒྱུད་རིམ་༤ པ་(ཕོར་ཇི་) གི་ སིམ་ཤོག་དེ་ རིན་མེད་སྟོང་པར་སྦེ་ ཚབ་འཐོབ་ཚུགས། རྒྱུན་མངགས་འབད་མི་ གསརཔ་ཨིན་པ་ཅིན་ འཐུས་དངུལ་ཀྲམ་༡༠༠ སྤྲོད་དགོཔ་ཨིན་རུང་ དེ་དང་གཅིག་ཁར་ དངུལ་ཀྲམ་༡༠༠ གི་ ཁ་སླབ་ནིའི་དུས་ཚད་ རིན་མེད་སྟོང་པ་སྦེ་ འཐོབ།རྒྱུད་རིམ་༤ པ་(ཕོར་ཇི་)
ཞབས་ཏོག་གི་ སྤྱོད་འཐུས་ཚུ་ ག་དེ་རེ་ ཕོགས་དོ་ཡོད་ག?
རྒྱུད་རིམ་༣ པ་(ཐི་རི་ཇི་) གི་ སྤྱོད་འཐུས་དང་འདྲན་འདྲ་ཨིན། ཁྱོད་ཀྱིས་ གནས་སྡུད་ ཌེ་ཊ་སྤྱོད་ཚན་ཐོག་ལས་ རྒྱུན་མངགས་འབད་ཚུགས་པའི་ཁར་ ཡང་ན་ ཁ་སླབ་སྤྱོད་འཐུས་ལས་ ཀེ་ལོ་བ་ཡེཀ་རེ་ལུ་ དངུལ་ཀྲམ་༠.༠༠༠༣ རེ་སྦེ་ སྤྱོད་ཚུགས།རྒྱུད་རིམ་༣ པ་(ཐི་རི་ཇི་) ལས་ རྒྱུད་རིམ་༤ པའི་ཁེ་ཕན་འཐེབ་ ག་ཅི་ར་ ཡོད་ག?རྒྱུད་རིམ་༤ པ་(ཕོར་ཇི་) འབྲེལ་མཐུད་ འབད་ནི་ལུ་ མགྱོགས་དྲགས་ཡོདཔ་ལས་ ཁྱོད་ཀྱིས་ ཡོངས་འབྲེལ་ནང་ལས་ཕབ་ལེན་དང་ ནང་ན་བཙུགས་ནི་ཚུ་ དེ་འཕྲོ་ལས་ར་ འབད་ཚུགསཔ་མ་ཚད་ གློག་བརྙན་ཚུ་ཡང་ གསལ་ཏོག་ཏོ་སྦེ་ བལྟ་ཚུགས་པའི་ཁར་ གློག་བརྙན་ཐོག་ལས་ དངོས་མཐོང་གི་བློ་ཡང་ གསལ་ཏོག་ཏོ་སྦེ་ སླབ་ཚུགས།ང་གིས་ རྒྱུད་རིམ་༤ པ་(ཕོར་ཇི་)
གི་དྲྭ་འབྲེལ་ལག་ལེན་འཐབ་དོ་ཡོདཔ་ ག་དེ་ཤེས་ཚུགས་ག?
ཁྱོད་རའི་ འགྲུལ་འཕྲིན་གདོང་ཤེལ་གྱི་སྟོད་ལུ་ རྒྱུད་རིམ་༤ པ་(ཕོར་ཇི་)  ཡང་ན་ ཡུན་རིང་འཕེལ་འགྱུར་ (ཨེལ་ཊི་ཨི་) གི་ འཆར་རྟགས་དེ་ ཤར་འོང་།
གལ་སྲིད་ ང་ར་ རྒྱུད་རིམ་༤ པ་(ཕོར་ཇི་) གི་ཞབས་ཏོག་ ལྷོད་མ་ཚུགས་པའི་ ས་གོ་གནང་ཨིན་པ་ཅིན་ ག་ཅི་འབད་ནི?
དྲྭ་འབྲེལ་གྱི་ཁྱབ་ཚད་དང་འཁྲིལ་ཏེ་ ཁྱོད་རའི་འགྲུལ་འཕྲིན་ཡང་ རང་ཤུགས་ཀྱིས་ རྒྱུད་རིམ་༣ པ་དང་༢ པ་ (ཐི་རི་ཇི་དང་ཊུ་ཇི་) ལུ་ རང་ཤུགས་ཀྱིས་ འགྱུར་འགྱོ་འོང་།
ང་གིས་གོ་དོ་བཟུམ་འབད་བ་ཅིན་ རྒྱུད་རིམ་༣ པ་ལས་ རྒྱུད་རིམ་༤ པའི་སྤྱོད་འཐུས་ མཐོ་ཟེར་ གོ་ཡི། འདི་བདེན་ག?
མི་བདེན། རྒྱུད་རིམ་༣ པ་ལས་ རྒྱུད་རིམ་༤ པའི་ གནས་སྡུད་ཌེ་ཊ་གི་ སྤྱོད་འཐུས་ཚུ་ ཅོག་ར་འཐད།སྔོན་སྤྲོད་/འགྲུལ་འཕྲིན་གནས་སྡུད་ཌེ་ཊ།འབྲུག་བརྒྱུད་འཕྲིན་གྱི་ སྔོན་སྤྲོད་སིམ་ཤོག་གསརཔ་ ག་དེ་སྦེ་ འཐོབ་ཚུགས་ག? རང་སོའི་ མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ་བཤུས་ཅིག་དང་ ཁྲིམས་རྟགས་ཅིག་འབག་སྟེ་ ཉེ་འདབས་ཀྱི་ འབྲུག་བརྒྱུད་འཕྲིན་ཚད་ཀྱི་ཞབས་ཏོག་ཡིག་ཚང་ནང་ བྱོན་དགོ།
ཁ་སླབ་ནིའི་དོན་ལུ་ འགྲུལ་འཕྲིན་སྔོན་སྤྲོད་ཨང་ཐོག་ལུ་ བསྐྱར་གསོ་ག་དེ་སྦེ་ འབད་ནི་ཨིན་ན?

  • བསྐྱར་གསོ་འབད་ནིའི་དོན་ལུ་ གཤམ་གསལ་ གདམ་ཁ་ཚུ་ཡོད།:
  • ཚོང་ཁང་མང་ཤོས་ཀྱི་ནང་ བསྐྱར་གསོའི་ཤོག་བྱང་ཚུ་ འཐོབ་ཚུགས།
  • འབྲུག་བརྒྱུད་འཕྲིན་བཀྲམ་སྤེལ་བ་བརྒྱུད་དེ་ གློག་ཐོག་བསྐྱར་གསོ་ (ཨི་ལོཌི་) འབད་ཚུགས།
  • བི་-ཝ་ལེཊ་གི་ཐོག་ལས་ འབད་ཚུགས།
  • ཨེམ་-བོབ་ཀྱི་ཐོག་ལས་ འབད་ཚུགས།
    སྔོན་སྤྲོད་ གནས་སྡུད་ཌེ་ཊ་སྤྱོད་ཚན་ལུ་ རྒྱུན་མངགས་ ག་དེ་སྦེ་ འབད་ནི་ཨིན་ན?
  • སྔོན་སྤྲོད་ཌེ་ཊ་སྤྱོད་ཚན་ འཐོབ་ནིའི་དོན་ལུ་ དངུལ་ཀྲམ་(དཔྱེ་འབད་བ་ཅིན་༤༩/༩༩/༡༩༩ / ལ་སོགས་པ་) འབོར་ཚད་གང་རུང་ བསྐྱར་གསོ་འབདཝ་ད་ ཁྱོད་རའི་འགྲུལ་འཕྲིན་ནང་ རང་ཤུགས་ཀྱིས་ ཏི་རུ་འབོར་ཚད་དང་འཁྲིལ་བའི་ གནས་སྡུད་ཌེ་ཊའི་ཐོབ་ཚད་ཚུ་ འཐོབ་ཚུགས། དེ་ཡང་ ཨི་ལོཌ་ ཡང་ན་ བི་-ཝ་ལེཊ་ ཡང་ན་ ཨེམ་-བོབ་ཀྱི་ཐོག་ལས་ བསྐྱར་གསོ་འབད་དགོ།
  • ཌེ་ཊ་སྤྱོད་ཚན་གྱི་སྐོར་ལས་ བརྡ་དོན་ཁ་གསལ་ཚུ་ འདི་ནང་ལས་འཐོབ་ཚུགས།
    འགྲུལ་འཕྲིན་གནས་སྡུད་ཀྱི་དོན་ལུ་ བསྐྱར་གསོའི་ཤོག་བྱང་གི་ཐོག་ལས་ འཐོབ་ཚུགས་ག?
  • འགྲུལ་འཕྲིན་གནས་སྡུད་ཌེ་ཊ་བསྐྱར་གསོའི་དོན་ལུ་ ད་ལྟོའི་བར་ན་ ཤོག་བྱང་གི་ཐོག་ལུ་ མེད་ཟེར་ ཞུ་ནི་ཨིན། ཨི་ལོཌ་ ཡང་ན་ བི་-ཝ་ལེཊ་ ཡང་ན་ ཨེམ་-བོབ་ཀྱི་ཐོག་ལས་ རྐྱངམ་གཅིག་ བསྐྱར་གསོ་འབད་ཚུགས།
    སྔོན་སྤྲོད་ལྷག་ལུས་ངོ་མ་དང་ ཌེ་ཊའི་ལྷག་ལུས་ ག་དེ་ཅིག་ཡོད་ག? ག་དེ་སྦེ་ བརྟག་དཔྱད་འབད་ཚུགས་ག?
  • ཁྱོད་རའི་ ལྷག་ལུས་ངོ་མ་/ཁ་སླབ་ནིའི་ལྷག་ལུས་ དང་ གནས་སྡུད་ཌེ་ཊའི་ལྷག་ལུས་ ག་དེ་ཅིག་ཡོད་ག་ ཤེས་ནིའི་དོན་ལུ་ *༡༧༠# ལུ་ འཕྲིན་བཏང་དགོ།
    སྔོན་སྤྲོད་ཨང་ག་ཨིན་མི་འདི་ ཤུལ་སྤྲོད་ཨང་ལུ་ སྒྱུར་ཚུགས་ག?
  • སྒྱུར་ཚུགས། སྔོན་སྤྲོད་ཨང་ག་ཨིན་མི་འདི་ ཤུལ་སྤྲོད་ཨང་ལུ་ སྒྱུར་ཚུགས།  ཁྱོད་ར་ དེ་སྦེ་ སོར་ནིའི་དང་འདོད་པ་ཅིན་ ཁྱོད་རའི་ ཉེ་འདབས་ལུ་ཡོད་པའི་ འབྲུག་བརྒྱུད་འཕྲིན་ཚད་ཀྱི་ཞབས་ཏོག་ཡིག་ཚང་གང་རུང་ནང་ རང་སོའི་མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ་བཤུས་དང་ ཁྲིམས་རྟགས་ བསྣམས་ཏེ་ བྱོན་དགོ།ང་གིས་ འབྲུག་བརྒྱུད་འཕྲིན་གྱི་ སྔོན་སྤྲོད་སིམ་ཤོག་ ཐོབ་སྟེ་ཡོད་རུང་ ཡོངས་འབྲེལ་གྱི་ འབྲེལ་མཐུད་ མེད་མི་འདི་ ག་ཅི་གི་དཀའ་ངལ་ཨིན་ན?༡}  རང་གི་འགྲུལ་འཕྲིན་ནང་གི་ ཨེ་པི་ཨེན་བཟོ་སྒྲིག་ བལྟ་དཔྱད་འབད་དགོ། {བཟོ་སྒྲིག་(སེ་ཊིང་) – > འགྲུལ་འཕྲིན་དྲྭ་འབྲེལ་(མོ་བཱ་ཡེལ་ ནེཊ་ཝཀསི་)- > ལྷོད་དགོ་པའི་གནས་ཀྱི་མིང་ནང་: མིང་- བི་-མོ་བཱ་ཡེལ་ དང་ ཨེ་པི་ཨེན་ – དྲྭ་འབྲེལ།  ཟེར་ཡོད་མི་འདི་ ལྷག་དགོ། བརྡ་དོན་གཞན་ཚུ་ སྣང་མེད་སྦེ་ བཞག་རུང་བཏུབ།}༢}     གལ་སྲིད་ ད་རུང་ འབྲེལ་མཐུད་ཐོབ་མ་ཚུགས་པ་ཅིན་ སྤྱོད་འཐུས་མ་ཕོགས་པའི་བརྒྱུད་འཕྲིན་ཨང་༡༦༠༠ གི་ཐོག་ལས་ འབྲེལ་བ་འཐབ་སྟེ་ དཀའ་ངལ་ཚུ་ ཧིང་སངས་ས་སྦེ་ སེལ་ཚུགས།
    སྔོན་སྤྲོད་རྒྱུན་མངགས་འབད་མི་ཚུ་ལུ་ ཁེ་ཕན་ག་ཅི་ར་ཡོདཔ་ཨིན་ན?

    • སྔོན་སྤྲོད་རྒྱུན་མངགས་པ་ཚུ་ལུ་ གནས་སྡུད་ཌེ་ཊའི་སྤྱོད་ཚན་ སྣ་ཚོགས་ཕུལ་བའི་ཐོག་ཁར་ དམིགས་བསལ་གྱི་དུས་སྟོན་དང་ ལས་སྣ་ཚུའི་དུས་སྐབས་ བསྐྱར་གསོ་འབདཝ་ད་ ཁེ་འཐུས་ཚུ་ ཕུལཝ་ཨིན།
    • འདི་བཟུམ་མའི་ དུས་སྟོན་སྐབས་ སྔོན་སྤྲོད་རྒྱུན་མངགས་པ་ཚུ་ལུ་ ཁེ་འཐུས་ཡོད་པའི་སྐོར་ ཡིག་འཕྲིན་གྱི་ཐོག་ལས་ བརྡ་ལན་འབདཝ་ཨིན། དེ་གིས་མ་ཚད་ ང་བཅས་རའི་ ཡོངས་འབྲེལ་འཆར་སྒོ་དང་ གདོང་དེབ་ཀྱི་ནང་ལས་ཡང་ གསལ་བསྒྲགས་འབདཝ་ཨིན།
      ངེའི་ ཌེ་ཊ་ལྷག་ལུས་ཚུ་ མགྱོགས་པ་ར་ རྫོགས་དོ་ཡོད་མི་དེ་ ག་ཅི་དཀའ་ངལ་ལུ་ བརྟེན་ཏེ་ཨིན་ན?
  • ཡོངས་འབྲེལ་སྤྱོད་རེ་སྤྱོད་ཚེ་ དེ་དང་གཅིག་ཁར་ གནས་སྡུད་ཌེ་ཊ་ཡང་ སྤྱོད་དེ་ཡོདཔ་ ཤེས་དགོཔ་ཁག་ཆེ། ཁྱོད་ར་ དྲྭ་འབྲེལ་ ག་དེ་ཅིག་སྤྱོད་དོ་ག་ དེ་ཅིག་གིས་ གནས་སྡུད་ཌེ་ཊ་ཡང་ སྤྱོད་དེ་ སྡོདཔ་ཨིན། ཨིན་རུང་ གནས་སྡུད་ཌེ་ཊ་མང་ཤོས་སྤྱོད་མི་ ག་ཨིན་ན་ ངོས་བཟུང་འབད་དེ་ ཚད་འཛིན་འབད་ཚུགས། གནས་སྡུད་ཌེ་ཊ་སྤྱོད་ཚད་ བལྟ་ནིའི་དོན་ལུ་ : བཟོ་སྒྲིག་(སེ་ཊིང་) – > ཌེ་ཊ་སྤྱོད་ཚད་( ཌེ་ཊ་ཡུ་སེཇ་)།
  • རང་ཤུགས་ཀྱིས་ དུས་མཐུན་འགྱོ་མི་ཚུ་དང་ རྒྱབ་གཞིའི་ཌེ་ཊ་(དཔྱེ་འབད་བ་ཅིན་ གདོང་དེབ་ནང་གི་ གློག་བརྙན་ཚུ་ རང་ཤུགས་ཀྱི་ རྩེ་མི་ལ་སོགས་ཚུ་ ཚད་འཛིན་བཟོ་དགོ་) ཚུ་ ནུས་མེད་བཟོ་བཞག་དགོཔ་ད་ དེ་ལས་ འགྲུལ་འཕྲིན་གྱི་ གནས་སྡུད་ཌེ་ཊ་དེ་ མ་སྤྱོད་པའི་སྐབས་ལུ་ ནུས་མེད་བཟོ་དགོཔ་ ངེས་པར་དུ་ ཁག་ཆེ།
    ང་ལུ་ དྲྭ་འབྲེལ་གྱི་ལྷག་ལུས་ཡོད་རུང་ དྲྭའི་ འབྲེལ་མཐུད་ མ་བཏུབ་མི་དེ་ ག་ཅི་ལས་བརྟེན་ཏེ་ཨིན་ན? ལྷག་ལུས་ རྫོགས་སོང་ནི་དེ་གིས་ ཨིན་ནམ?
  • དྲྭ་འབྲེལ་སྤྱོད་ཚུགས་ནིའི་དོན་ལུ་ ཁྱོད་རའི་ དྲྭ་འབྲེལ་གྱི་ལྷག་ལུས་ཐོག་ཁར་ སྤྱོད་འཐུས་ངོ་མ་ ཉུང་ཤོས་དངུལ་ཀྲམ་ལྔ་ ངེས་པར་དུ་དགོ།
    ང་གིས་ གཞན་ལུ་འགྲུལ་འཕྲིན་བཏངམ་ད་ གནས་སྡུད་ཌེ་ཊའི་ འབྲེལ་མཐུད་ ཆད་སོང་མི་དེ་ ག་ཅི་ལུ་བརྟེན་ཏེ་ཨིན་ན?
  • འདི་ ཁྱོད་རའི་ འགྲུལ་འཕྲིན་འཕྲུལ་ཆས་ནང་ རང་ཤུགས་ཀྱིས་འབྲེལ་བ་ བཏོག་མཐུད་འབད་མི་ འཕྲུལ་རྟ་ཡོད་མི་ལུ་བརྟེན་ཏེ་ཨིན། ཁྱོད་ར་བློཝ་སླབ་ད་ དྲྭ་འབྲེལ་ལས་ ཁ་སླབ་མི་ལུ་ གཙོ་བོ་བཟུང་ནིའི་དོན་ལུ་ཨིན། བློཝ་སླབ་ཚརཝ་ཅིག་ དྲྭ་འབྲེལ་དེ་ ལོག་སྟེ་ར་ མཐུདཔ་ཨིན།
  • ཤུལ་སྤྲོད་/ འགྲུལ་འཕྲིན་ཌེ་ཊ།ཤུལ་སྤྲོད་ཀྱི་ འབྲེལ་མཐུད་ ག་དེ་སྦེ་ འཐོབ་ཚུགས་ག?
  • ཉེ་འདབས་ཀྱི་ འབྲུག་བརྒྱུད་འཕྲིན་ཞབས་ཏོག་ཡིག་ཚང་ལས་ འབྲུག་བརྒྱུད་འཕྲིན་གྱི་ཤུལ་སྤྲོད་སིམ་ཤོག་ ཐོབ་ཐབས་འབད་དགོ།
  • ཟླ་རིམ་བཞིན་དུ་ སྤྱི་ཚེས་༢༡ པ་ལུ་ སྤྱོད་འཐུས་བཏབ་ མ་བཏབ་ཚུ་ རིམ་ལུགས་ཐོག་ལས་ ཞིབ་དཔྱད་འབད་ནི་ཡོད། གལ་སྲིད་ ཚོང་མགྲོན་པ་གང་རུང་གི་མིང་ཐོག་ཁར་ དེ་ཚེ་ སྤྱོད་འཐུས་མ་བཏབ་པའི་ འབྱོར་རྟགས་གཉིས་ཐོན་སོང་པ་ཅིན་ ཕྱིར་བཏོང་གི་བརྒྱུད་ལམ་ཞབས་ཏོག་དེ་ བཀག་ཆ་འབདཝ་ཨིན། (ཕྱིར་བཏོང་བརྒྱུད་ལམ་ སྐད་འཕྲིན་དང་ ཡིག་འཕྲིན་ དེ་ལས་ གནས་སྡུད་ཌེ་ཊ་)
  • ཟླ་རིམ་བཞིན་དུ་ སྤྱི་ཚེས་༢༡ པ་ལུ་ སྤྱོད་འཐུས་བཏབ་ མ་བཏབ་ཚུ་ རིམ་ལུགས་ཐོག་ལས་ ཞིབ་དཔྱད་འབད་ནི་ཡོད། གལ་སྲིད་ ཚོང་མགྲོན་པ་གང་རུང་གི་མིང་ཐོག་ཁར་ དེ་ཚེ་ སྤྱོད་འཐུས་མ་བཏབ་པའི་ འབྱོར་རྟགས་གཉིས་ཐོན་སོང་པ་ཅིན་ ཕྱིར་བཏོང་གི་བརྒྱུད་ལམ་ཞབས་ཏོག་དེ་ བཀག་ཆ་འབདཝ་ཨིན། (ཕྱིར་བཏོང་བརྒྱུད་ལམ་ སྐད་འཕྲིན་དང་ ཡིག་འཕྲིན་ དེ་ལས་ གནས་སྡུད་ཌེ་ཊ་)
  • རྒྱུན་མངགས་གསརཔ་གི་དོན་ལུ་ རང་སོའི་ མི་ཁུངས་ངོ་སྤྲོད་ལག་ཁྱེར་འདྲ་བཤུས་དང་ ཁྲིམས་རྟགས་ཅིག་ བསྣམས་ཏེ་ བྱོན་དགོ།ངེ་གི་ ཤུལ་སྤྲོད་སྤྱོད་འཐུས་ཚུ་བཏབ་ཐངས་ཀྱི་ གདམ་ཁ་ག་ཅི་ར་ཡོད་ག?
    • ཁྱོད་ཀྱིས་ ཤུལ་སྤྲོད་ཀྱི་སྤྱོད་འཐུས་ཚུ་ གཤམ་གསལ་གྱི་ཐོག་ལས་ བཏབ་ཚུགས།
      ༡      བི་- ཝ་ལེཊ།༢      ཨེམ་- བོབ།༣      འབྲུག་བརྒྱུད་འཕྲིན་ཞབས་ཏོག་ཡིག་ཚང་།
      ངེ་གི་འགྲུལ་འཕྲིན་གྱི་ ཟླ་རིམ་སྤྱོད་འཐུས་འབྱོར་རྟགས་ ནམ་འཐོབ་ག?

      • ཁྱོད་ར་ གློག་ཐོག་རྩིས་བཱིལ་ (ཨི་-བི་ལིང་)ཞབས་ཏོག་མཐུན་རྐྱེན་གྱི་དོན་ལུ་ ཐོ་བཀོད་འབད་དེ་ཡོད་པ་ཅིན་ ཟླ་རིམ་སྤྱོད་འཐུས་འབྱོར་རྟགས་ཚུ་ ནམ་རྒྱུན་ལུ་ ཟླཝ་དེ་གི་བདུན་ཕྲག་གཉིས་པའི་ནང་ བཏངམ་ཨིན། ཁྱོད་རའི་ གློག་འཕྲིན་ཁ་བྱང་ནང་ བཏང་ཚར་བའི་ཤུལ་ལུ་ ཁྱོད་རའི་འགྲུལ་འཕྲིན་གྱི་ཐོག་ལས་ ཡིག་འཕྲིན་ཡང་ བཏངམ་ཨིན།
        ཟླཝ་གང་རུང་གཅིག་གི་ ཟླ་རིམ་སྤྱོད་འཐུས་འབྱོར་རྟགས་ མ་ལྷོད་པ་ཅིན་ ག་ཅི་འབད་དགོ་ག?
      • ཟླཝ་གང་རུང་གཅིག་གི་ ཟླ་རིམ་སྤྱོད་འཐུས་འབྱོར་རྟགས་དེ་ ཟླཝ་དེ་གི་ བདུན་ཕྲག་གཉིས་པའི་ནང་ མ་ལྷོད་པ་ཅིན་ གློག་འཕྲིན་ཁ་བྱང་bia@bt.bt. གི་ཐོག་ལས་ ཡི་གུ་བཏང་དགོ།
      • གློག་ཐོག་རྩིས་བཱིལ་ (ཨི་-བི་ལིང་) ཞབས་ཏོག་མཐུན་རྐྱེན་གྱི་དོན་ལུ་ ཐོ་བཀོད་འབད་དེ་མེད་པའི་ ཚོང་མགྲོན་པ་ཚུ་གིས་ འབྱོར་རྟགས་སྤྲོད་མི་ ལས་སྡེ་ ཡང་ན་ ཉེ་འདབས་ཀྱི་ འབྲུག་བརྒྱུད་འཕྲིན་ཞབས་ཏོག་ཡིག་ཚང་ནང་ བྱོན་སྦེ་ སེལ་དགོ།
        དུས་ཚོད་ཁར་ སྤྱོད་འཐུས་མ་སྤྲོད་པ་ཅིན་ ག་ཅི་འབད་འོང་ག?
      • ཟླཝ་གང་རུང་གཅིག་གི་ ཟླ་རིམ་སྤྱོད་འཐུས་མ་སྤྲོད་པ་ཅིན་ དེ་གི་སྤྱོད་འཐུས་དེ་ ཟླཝ་ཤུལ་མམ་གི་ སྤྱོད་འཐུས་ལུ་ བསྡོམ་སྦེ་ ཁ་སྐོང་བཀལཝ་ཨིན།
  • ཟླ་རིམ་བཞིན་དུ་ སྤྱི་ཚེས་༢༡ པ་ལུ་ སྤྱོད་འཐུས་བཏབ་ མ་བཏབ་ཚུ་ རིམ་ལུགས་ཐོག་ལས་ ཞིབ་དཔྱད་འབད་ནི་ཡོད། གལ་སྲིད་ ཚོང་མགྲོན་པ་གང་རུང་གི་མིང་ཐོག་ཁར་ དེ་ཚེ་ སྤྱོད་འཐུས་མ་བཏབ་པའི་ འབྱོར་རྟགས་གཉིས་ཐོན་སོང་པ་ཅིན་ ཕྱིར་བཏོང་གི་བརྒྱུད་ལམ་ཞབས་ཏོག་དེ་ བཀག་ཆ་འབདཝ་ཨིན། (ཕྱིར་བཏོང་བརྒྱུད་ལམ་ སྐད་འཕྲིན་དང་ ཡིག་འཕྲིན་ དེ་ལས་ གནས་སྡུད་ཌེ་ཊ་)
    ཤུལ་སྤྲོད་ཨང་ལས་ སྔོན་སྤྲོད་ཨང་ལུ་ བསྒྱུར་བཅོས་འབད་ཚུགས་ག?
  • མི་བཏུབ། ཁྱོད་རའི་ ཤུལ་སྤྲོད་ཨང་ལས་ སྔོན་སྤྲོད་ཨང་ལུ་ བསྒྱུར་བཅོས་འབད་མི་ཚུགས། འགྲུལ་འཕྲིན་ཨང་༡༧༡ སྦེ་ འགོ་བཙུགས་མི་ཨང་ཚུ་ སྔོན་སྤྲོད་ཨང་ལུ་ བསྒྱུར་བཅོས་རྩ་ལས་ར་ འབད་མི་བཏུབ། ག་དེམ་ཅིག་སྦེ་ ཤུལ་སྤྲོད་ཞབས་ཏོག་གི་ཚབ་ལུ་ སྔོན་སྤྲོད་ཨང་སོར་དགོ་པ་ཅིན་ སྔོན་སྤྲོད་ཨང་གསརཔ་ར་ལེན་དགོཔ་ད་ དེ་གི་དོན་ལུ་ ཁྱོད་རའི་ཉེ་འདབས་ལུ་ཡོད་པའི་ འབྲུག་བརྒྱུད་འཕྲིན་ཞབས་ཏོག་ཡིག་ཚང་ནང་ བྱོན་དགོ།ཤུལ་སྤྲོད་ཌེ་ཊ་སྤྱོད་ཚན་གྱི་དོན་ལུ་ ག་དེ་སྦེ་ རྒྱུན་མངགས་འབད་ནི་ཨིན་ན?
  • འདི་གི་དོན་ལུ་ ཁྱོད་རའི་ཉེ་འདབས་ལུ་ཡོད་པའི་ འབྲུག་བརྒྱུད་འཕྲིན་ཞབས་ཏོག་ཡིག་ཚང་ནང་ བྱོན་སྦེ་ ཁྱོད་རའི་གདམ་ཁ་དང་འཁྲིལ་ཏེ་ ཤུལ་སྤྲོད་ཌེ་ཊ་གི་སྤྱོད་ཚན་ རྒྱུན་མངགས་འབད་དགོ།
  • ཌེ་ཊ་སྤྱོད་ཚན་གྱི་སྐོར་ལས་ བརྡ་དོན་ཁ་གསལ་ཚུ་ འདི་ནང་ལས་འཐོབ་ཚུགས།  ཌེ་ཊ་སྤྱོད་ཚན་རྒྱུན་མངགས་དེ་ ག་དེ་སྦེ་ བསྒྱུར་བཅོས་འབད་ནི་ཨིན་ན?
    • ཁྱོད་རའི་ཉེ་འདབས་ལུ་ཡོད་པའི་ འབྲུག་བརྒྱུད་འཕྲིན་ཞབས་ཏོག་ཡིག་ཚང་ནང་ བྱོན་སྦེ་ བསྒྱུར་བཅོས་འབད་དགོ།
      ཤུལ་སྤྲོད་ཌེ་ཊའི་ལྷག་ལུས་ ག་དེ་སྦེ་ ཞིབ་དཔྱད་འབད་ནི་ཨིན་ན?
    • གནས་སྡུད་ཌེ་ཊ་ཚུ་ སྤྱོད་སྤྱོདཔ་དང་འཐུས་ཀྱི་ཁ་གསལ་ཚུ་ ཟླ་རིམ་བཞིན་ ཁྱོད་ཀྱིས་གནང་མི་ གློག་འཕྲིན་ཁ་བྱང་ཐོག་ལས་ བཏང་འོང་།
    • དེ་གིས་མ་ཚད་ ཁྱོད་རའི་འགྲུལ་འཕྲིན་གྱི་ནང་ལས་ཡང་ ཌེ་ཊ་སྤྱོད་སྤྱོདཔ་གི་ཁ་གསལ་ཚུ་ འཐོབ་ཚུགས། {བཟོ་སྒྲིག་(སེ་ཏིངསི་)- > ཌེ་ཊ་སྤྱོད་པ་(ཌེ་ཊ་ཡུ་སེཇ་) །གལ་སྲིད་ རྒྱུན་མངགས་འབད་མི་ ཌེ་ཊའི་ བགོ་སྐལ་ལས་ལྷག་སོང་པ་ཅིན་ རང་ཤུགས་ཀྱིས་འབད་ སྤྱོད་ཚན་གོང་མ་ལུ་ སྤོ་སོར་འབད་འོང་ག?རང་ཤུགས་ཀྱིས་འབད་ སྤྱོད་ཚན་གོང་མ་ལུ་ སྤོ་སོར་འབད་ནི་གོ་སྐབས་ རྩ་ལས་ར་མེད། གལ་སྲིད་ དེ་བསྒང་རྒྱུན་མངགས་འབད་མི་ ཌེ་ཊ་བགོ་སྐལ་དེ་ མ་ལངས་པའི་ ཚོར་སྣང་བྱུང་པ་ཅིན་ ནམ་ར་ཨིན་རུང་ རྒྱུན་མངགས་ བསྒྱུར་བཅོས་འབད་ཚུགས། འདི་གི་དོན་ལུ་ ཁྱོད་རའི་ ཉེ་འདབས་ལུ་ཡོད་པའི་ འབྲུག་བརྒྱུད་འཕྲིན་ཞབས་ཏོག་ཡིག་ཚང་ནང་ བྱོན་སྦེ་ རྒྱུན་མངགས་མཛད་གནང་ཟེར་ ཞུ་ནི་ཨིན།
Back To Top