skip to Main Content

བོརོཌ་བེན་

གློག་ཐོག་བསྐྱར་གསོ་(ཨི་ལོཌ་)ཟེར་མི་འདི་ ཤོག་མེད་བསྐྱར་གསོའི་ མཐུན་རྐྱེན་ཅིག་ཨིན། གློག་ཐོག་བསྐྱར་བཟོ་འདི་ མཐའ་འཁོར་གནས་སྟངས་ལུ་ གནོདཔ་མེད་པའི་ཁར་ ཚོང་མགྲོན་པ་ཚུ་ལུ་ཡང་ བྱ་སྟབས་ཏོག་ཏོ་ཡོདཔ་མ་ཚད་ ཉེན་ཁ་ ག་ནི་ཡང་མེད། འདི་གིས་ བཀྲམ་སྤེལ་བ་དང་ ཚོང་འབྲེལ་བ་ སིལ་ཚོང་པ་ཚུ་གིས་ ངག་འཕྲིན་བསྐྱར་གསོ་ཚུ་ ཡིག་འཕྲིན་བརྒྱུད་དེ་ ཐད་ཀར་དུ་ བསྐྱར་གསོ་ འབད་ཚུགསཔ་ཨིན། ཚོང་མགྲོན་པ་ཚུ་གིས་ ཉུང་ཤོས་དངུལ་ཀྲམ་ལྔ་ལས་ འགོ་བཟུང་ བསྐྱར་གསོ་འབད་ཚུགསཔ་ད་ སྤྲོད་ལེན་འཐབ་པའི་ གཏན་འཁེལ་གྱི་ བརྡ་ལན་ཡང་ ཡིག་འཕྲིན་གྱི་ཐོག་ལས་ བཏང་མི་དང་ཐོབ་མི་ ཕན་ཚུན་གཉིས་ཆ་ར་ལུ་ བཏངམ་ཨིན།

རྒྱུན་མངགས་པ་ལས་ རྒྱུན་མངགས་པ་ལུ་ གློག་ཐོག་བསྐྱར་གསོ་ བཏོང་ལེན།

མཐུན་རྐྱེན་འདི་ ལག་ལེན་འཐབ་ཐོག་ལས་ ཚོང་མགྲོན་པ་ཚུ་གིས་ རང་སོའི་ལྷག་ལུས་ཚུ་ ཚོང་མགྲོན་པ་གཞན་ལུ་ བཏང་ཚུགས།
སྤྲོད་ལེན་ཐེངས་རེ་ལུ་ དངུལ་ཀྲམ་ ལྔ་ལས་༥༠༠ ཚུན་ འབད་ཚུགས་ནི་ཨིནམ་ད་ བཏོང་ལེན་རེ་ལུ་ འཐུས་དངུལ་ཀྲམ་ལྔ་རེ་ བཏོགསཔ་ཨིན།
ཚོང་མགྲོན་པ་ལས་ ཚོང་མགྲོན་པ་ལུ་ གློག་ཐོག་བསྐྱར་གསོ་ འབད་ནིའི་དོན་ལུ་ རྩིས་ཁྲའི་ནང་ ཉུང་ཤོས་དངུལ་ཀྲམ་༡༠ ངེས་པར་དུ་དགོ།
གལ་སྲིད་ ཚོང་མགྲོན་པ་ལུ་ ཧེ་མའི་བསྐྱར་གསོ་འབད་མི་ལས་ གནས་ཡུན་ ད་ལྟོ་མེད་པ་ཅིན་ ཉིནམ་གཅིག་གི་ གནས་ཡུན་བྱིནམ་ཨིན།
བཏོང་ལེན་ འབད་ཚར་བའི་ཤུལ་ལུ་ གནས་ཡུན་བལྟ་ནིའི་དོན་ལུ་ ཨང་ *༡༧༠#  ཡངན་༡༢༣ ལུ་ འཕྲིན་གཏང་གནང་།

རྒྱུན་མངགས་པ་ལས་ རྒྱུན་མངགས་པ་ལུ་ གློག་ཐོག་བསྐྱར་གསོའི་དོན་ལུ་ བྱ་བའི་རིམ་པ།

ཐོ་བཀོད་བྱ་རིམ། (ངེས་པར་དུ་དགོ་)

གོ་རིམ་༡ པ་: ཐོ་བཀོད་ <ས་སྟོང་><འགྲུལ་འཕྲིན་ཨང་མཛུབ་གནོན་རྐྱབ་སྦེ་> ༡༥༨ ལུ་བཏང་།

གཏན་འཁེལ་ཡིག་འཕྲིན་ ལྷོད་འོང་>> གསང་ཚིག་བཟོ་ནི།

གསང་ཚིག་བསྒྱུར་བཅོས།

གོ་རིམ་༡ པ་:  ཨང་ *༡༢༧# ལུ་ འཕྲིན་བཏང་། (གློག་རིམ་དཀར་ཆག་ལག་ལེན་འཐབ་མིའི་དོན་ལུ་

གོ་རིམ་༢ པ་: གདམ་ཁ་/འཛུལ་/ལན་/༢ ལུ་ཨེབ་[གཏང་]

གོ་རིམ་༣ པ་: གསང་ཚིག་རྙིངཔ་བཙུགས། [རིམ་ལུགས་ཀྱིས་གསང་ཚིག་བཟོ་ནི་]

གོ་རིམ་༤ པ་: གསང་ཚིག་གསརཔ་བཙུགས། [འོས་ལྡན་གྱི་གསང་ཚིག་ དཔྱེ་: ༡༣༢༤]

གོ་རིམ་༥ པ་: གཏན་འཁེལ་གྱི་དོན་ལུ་ གདམ་ཁ་/འཛུལ་/ལན་/༡ ལུ་ཨེབ།

གཏད་འཁེལ་གྱི་ཡིག་འཕྲིན་ལྷོད་འོང་།

གོ་རིམ་༡ པ་:  ཨང་ *༡༢༧# ལུ་ འཕྲིན་བཏང་། (གློག་རིམ་དཀར་ཆག་ལག་ལེན་འཐབ་མིའི་དོན་ལུ་)

གོ་རིམ་༢ པ་: གདམ་ཁ་/འཛུལ་/ལན་/༡ ལུ་ཨེབ་[གཏང་]

གོ་རིམ་༣ པ་: གཏང་དགོས་པའི་འགྲུལ་འཕྲིན་ཨང་བཙུགས།

གོ་རིམ་༤ པ་: དངུལ་འབོར་བཙུགས། [དཔྱེ་: ༡༠]

གོ་རིམ་༥ པ་: རང་གི་གསང་ཚིག་ བཙུགས། [གསང་ཚིག་གསརཔ་]

གོ་རིམ་༦ པ་: གཏན་འཁེལ་གྱི་དོན་ལུ་ གདམ་ཁ་/འཛུལ་/ལན་/༡ ལུ་ཨེབ།

བཏང་མི་དང་ཐོབ་མི་ གཉིས་ཆ་ར་ལུ་ གཏན་འཁེལ་གྱི་ ཡིག་འཕྲིན་ལྷོད་འོང་།

གློག་ཐོག་བསྐྱར་གསོ་གནས་ཡུན།

དངུལ་ཀྲམ་ ༢༡ – ༥༠ ཉིནམ་༢༢
དངུལ་ཀྲམ་ ༥༡ – ༡༠༠ ཉིནམ་༣༧
དངུལ་ཀྲམ་ ༡༠༡ – ༣༠༠ ཉིནམ་༥༢
དངུལ་ཀྲམ་ ༡༠༡ – ༣༠༠ ཉིནམ་༥༢
དངུལ་ཀྲམ་ ༣༠༡ – ༥༠༠ ཉིནམ་༦༠
དངུལ་ཀྲམ་ ༥༠༡ ལས་ལྷག་མི། ཉིནམ་༩༠

བཀྲམ་སྤེལ་བ་ལས་ ཚོང་པ་ལུ་བཏོང་ལེན།

གདམ་ཁ་དང་པ།:

གོ་རིམ་༡ པ་:  ཨང་ *༡༣༠# ལུ་ འཕྲིན་བཏང་། (ལག་ལེན་འཐབ་མི་གིས་ གློག་རིམ་དཀར་ཆག་ འཐོབ།)

གོ་རིམ་༡ པ་:  གདམ་ཁ་/༡ བཙུགས། (ལན་ཟེར་མི་ལུ་ཨེབ་ཞིན་ན་ ༡ བཙུགས།)

འགྲུལ་འཕྲིན་ཨང་/ཨེམ་ཨེསི་ཨའི་ཨེས་ཌི་ཨེན་ བཙུགས། (ལན་ཟེར་མི་ལུ་ ཨེབ་ཞིན་ན་ འགྲུལ་འཕྲིན་ཨང་བཙུགས་སྦེ་ གཏང་)

གཏང་དགོ་པའི་དངུལ་འབོར་བཙུགས། (ལན་ཟེར་མི་ལུ་ ཨེབ་ཞིན་ན་ དངུལ་འབོར་བཙུགས་སྦེ་ གཏང་།)

གསང་ཨང་པཱིན་བཙུགས། (ལན་ཟེར་མི་ལུ་ ཨེབ་ཞིན་ན་ རང་གི་གསང་ཨང་ པཱིན་ བཙུགས་སྦེ་ གཏང་།)

གཏན་འཁེལ་གྱི་དོན་ལུ་༡ བཙུགས་སྦེ་ བཏང་། (ལན་ཟེར་མི་ལུ་ ཨེབ་ཞིན་ན་ ཨང་༡ བཙུགས་སྦེ་ གཏང་།)

བཀྲམ་སྦེལ་བ་དང་ ཚོང་འབྲེལ་བ་ གཉིས་ཆ་ར་གིས་ གཏན་འཁེལ་གྱི་ཡིག་འཕྲིན་དང་སྦྲགས་ སྤྲོད་ལེན་གྱི་ ངོས་འཛིན་ཨང་ཡང་ ལྷོད་འོང་།

གདམ་ཁ་གཉིས་པ།:

ཨང་*༡༣༠*༡* ཚོང་འབྲེལ་བ་གྱི་ཨང་*དངུལ་འབོར་*གསང་ཨང་*༡# མཛུབ་གནོན་འབད་ཞིན་ན་ འཕྲིན་གཏང་།

ཨང་ *དངུལ་འབོར་*གསང་ཨང་*༡# ཨེབ་སྦེ་ འཕྲིན་གཏང་།

བཀྲམ་སྤེལ་བ་གིས་ བསྐྱར་གསོའི་རྒྱུན་མངགས་འབད་ཐངས།

གདམ་ཁ་༡:

གོ་རིམ་༡ པ་: ཨང་ *༡༣༠# ལུ་ འཕྲིན་བཏང་། (ལག་ལེན་འཐབ་མི་གིས་ གློག་རིམ་དཀར་ཆག་ འཐོབ།)

གོ་རིམ་༢ པ་: གདམ་ཁ་/༣ བཙུགས། (ལན་ཟེར་མི་ལུ་ ཨེབ་ཞིན་ན་ ཨང་༣ བཙུགས་སྦེ་ གཏང་།)

འགྲུལ་འཕྲིན་ཨང་(ཨེམ་ཨེསི་ཨའི་ཨེསི་ཌི་ཨེན་)བཙུགས།    (ལན་ཟེར་མི་ལུ་ ཨེབ་ཞིན་ན་ འགྲུལ་འཕྲིན་ཨང་ བཙུགས་སྦེ་ གཏང་།)

གཏང་དགོ་པའི་དངུལ་འབོར་བཙུགས། (ལན་ཟེར་མི་ལུ་ ཨེབ་ཞིན་ན་ དངུལ་འབོར་བཙུགས་སྦེ་ གཏང་།)

གསང་ཨང་པཱིན་བཙུགས། (ལན་ཟེར་མི་ལུ་ ཨེབ་ཞིན་ན་ རང་གི་གསང་ཨང་ པཱིན་ བཙུགས་སྦེ་ གཏང་།)

གཏན་འཁེལ་གྱི་དོན་ལུ་༡ བཙུགས་སྦེ་ བཏང་། (ལན་ཟེར་མི་ལུ་ ཨེབ་ཞིན་ན་ ཨང་༡ བཙུགས་སྦེ་ གཏང་།)

བཀྲམ་སྦེལ་བ་དང་ ཚོང་འབྲེལ་བ་ གཉིས་ཆ་ར་གིས་ གཏན་འཁེལ་གྱི་ཡིག་འཕྲིན་དང་སྦྲགས་ སྤྲོད་ལེན་གྱི་ངོས་འཛིན་ཨང་ཡང་ ལྷོད་འོང་།

གདམ་ཁ་གཉིས་པ།:

ཨང་*༡༣༠*༣* ལག་ལེན་འཐབ་མིའི་འགྲུལ་འཕྲིན་ཨང་*དངུལ་འབོར་*གསང་ཨང་*1# མཛུབ་གནོན་འབད་ཞིན་ན་ འཕྲིན་གཏང་།

ཚོང་འབྲེལ་བ་གིས་ བསྐྱར་གསོའི་རྒྱུན་མངགས་འབད་ཐངས།

གདམ་ཁ་དང་པ།:

གོ་རིམ་དང་པ་: ཨང་*༡༣༠# ལུ་ འཕྲིན་གཏང་། (ལག་ལེན་འཐབ་མི་གིས་ གློག་རིམ་དཀར་ཆག་ འཐོབ།)

གོ་རིམ་གཉིས་པ།:   གདམ་ཁ་/༡ བཙུགས། (ལན་ཟེར་མི་ལུ་ ཨེབ་ཞིན་ན་༡ བཙུགས་སྦེ་ གཏང་།)

འགྲུལ་འཕྲིན་ཨང་(ཨེམ་ཨེསི་ཨའི་ཨེསི་ཌི་ཨེན་)བཙུགས།    (ལན་ཟེར་མི་ལུ་ ཨེབ་ཞིན་ན་ འགྲུལ་འཕྲིན་ཨང་ བཙུགས་སྦེ་ གཏང་།)

གཏང་དགོ་པའི་དངུལ་འབོར་བཙུགས། (ལན་ཟེར་མི་ལུ་ ཨེབ་ཞིན་ན་ དངུལ་འབོར་བཙུགས་སྦེ་ གཏང་།)

གསང་ཨང་པཱིན་བཙུགས། (ལན་ཟེར་མི་ལུ་ ཨེབ་ཞིན་ན་ རང་གི་གསང་ཨང་ པཱིན་ བཙུགས་སྦེ་ གཏང་།)

གཏན་འཁེལ་གྱི་དོན་ལུ་༡ བཙུགས་སྦེ་ བཏང་། (ལན་ཟེར་མི་ལུ་ ཨེབ་ཞིན་ན་ ཨང་༡ བཙུགས་སྦེ་ གཏང་།)

བཀྲམ་སྦེལ་བ་དང་ ཚོང་འབྲེལ་བ་ གཉིས་ཆ་ར་གིས་ གཏན་འཁེལ་གྱི་ཡིག་འཕྲིན་དང་སྦྲགས་ སྤྲོད་ལེན་གྱི་ངོས་འཛིན་ཨང་ཡང་ ལྷོད་འོང་།

གདམ་ཁ་གཉིས་པ།:

ཨང་*༡༣༠*༡*འགྲུལ་འཕྲིན་ཨང་*དངུལ་འབོར་*གསང་ཨང་*༡# མཛུབ་གནོན་འབད་ཞིན་ན་ འཕྲིན་གཏང་།

བཀྲམ་སྤེལ་བ་གི་ ལྷག་ལུས་ བརྟག་ཞིབ་འབད་ཐངས།

གདམ་ཁ་དང་པ།:

གོ་རིམ་དང་པ་: ཨང་*༡༣༠# ལུ་ འཕྲིན་གཏང་། (ལག་ལེན་འཐབ་མི་གིས་ གློག་རིམ་དཀར་ཆག་ འཐོབ།)

གོ་རིམ་གཉིས་པ།:   གདམ་ཁ་/༢ བཙུགས། (ལན་ཟེར་མི་ལུ་ ཨེབ་ཞིན་ན་༡ བཙུགས་སྦེ་ གཏང་།)

ལག་ལེན་འཐབ་མི་གིས་ ལྷག་ལུས་ག་དེ་ཅིག་ཡོད་ག་ ཡིག་འཕྲིན་ཐོག་ལས་ འཐོབ་ཚུགས།

གདམ་ཁ་གཉིས་པ།:

ཨང་*༡༣༠*༢# ཨེབ་སྦེ་ འཕྲིན་གཏང་།

ཚོང་འབྲེལ་བའི་ ལྷག་ལུས་ བརྟག་ཞིབ་འབད་ཐངས།

Back To Top