skip to Main Content
བི-ཝ་ལེཊ།

འབྲུག་བརྒྱུད་འཕྲིན་ཚད་ཀྱིས་ བི-མོ་བཱ་ལེལ་ སྔོན་སྤྲོད་ ལག་ལེན་འཐབ་མི་ གང་རུང་གིས་ ཚོང་མགྲོན་པའི་ དངུལ་ཁང་རྩིས་ཁྲ་ ལག་ལེན་འཐབ་ཐོག་ལས་ དངུལ་ཁང་རྩིས་ཁྲའི་ནང་ལུ་ ཏི་རུ་གཏོང་ལེན་ འཇམ་ཏོང་ཏོ་དང་ རྒྱང་སྤྱོད་བསྐྱར་གསོ་འབད་ནིའི་དོན་ལུ་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ འབྲུག་གི་དངུལ་ཁང་ དེ་ལས་ འབྲུག་གོང་འཕེལ་དངུལ་ཁང་ཚད་དང་གཅིག་ཁར་ སྡོམ་རོགས་འབད་དེ་ཡོད།
ཞབས་ཏོག་འཐོབ་ནིའི་དོན་ལུ་ དགོས་མཁོའི༌རིགས།
༡. འབྲུག་རྒྱལ་ཡོངས་དངུལ་ཁང་དང་ འབྲུག་གི་དངུལ་ཁང་ དེ་ལས་ འབྲུག་གོང་འཕེལ་དངུལ་ཁང་ཚད་དང་གཅིག་ཁར་ དངུལ་ཁང་རྩིས་ཁྲ་དགོ།
༢. བི་-མོ་བཱ་ཡེལ་གྱི་ འབྲེལ་མཐུད་དགོ། (སྔོན་སྤྲོད་ ཡངན་ ཤུལ་སྤྲོད་གང་རུང་)

བི་-ཝ་ལེཊ་གི་ཞབས་ཏོག་ཡོད་མི།
༡. འབྲུག་རྒྱལ་ཡོངས་དངུལ་ཁང་དང་གཅིག་ཁར་ བི་-ཝ་ལེཊ་ཞབས་ཏོག།

འབྲུག་བརྒྱུད་འཕྲིན་གྱི་སྔོན་སྤྲོད་ཁ་སྐོང་: བི་-མོ་བཱ་ཡེལ་ ལག་ལེན་འཐབ་མི་ཚུ་གིས་ རང་སོའི་ ལག་འཆང་འགྲུལ་འཕྲིན་བརྒྱུད་དེ་ འབྲུག་རྒྱལ་ཡོངས་དངུལ་ཁང་ རྩིས་ཁྲའི་ནང་ལས་ འགྲུལ་འཕྲིན་སྔོན་སྤྲོད་ཀྱི་ཨང་ གང་རུང་ནང་ ཐད་ཀར་དུ་ ཁ་སྐོང་འབད་ཚུགས།

འབྲུག་རྒྱལ་ཡོངས་དངུལ་ཁང་གི་ མ་དངུལ་གཏོང་ལེན།: བི་-མོ་བཱ་ཡེལ་ ལག་ལེན་འཐབ་མི་ཚུ་གིས་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ནང་འཁོད་ རྩིས་ཁྲ་གཅིག་ལས་གཞན་ལུ་ ཏི་རུ་ གཏོང་ལེན་འབད་ཚུགས།

བི་-མོ་བཱ་ཡེལ་རྒྱ་ཆེའི་སྒྲ་ལམ་སྤྱོད་འཐུས་སྤྲོད་ནི།: རྒྱ་ཆེའི་སྒྲ་ལམ་ སྔོན་སྤྲོད་དང་ཤུལ་སྤྲོད་ཀྱི་ རྒྱུན་མངགས་འབད་མི་ཚུ་གིས་ ད་རིས་ལས་ བི་-ཝ་ལེཊ་བརྒྱུད་དེ་ སྤྱོད་འཐུས་རྩིས་བཱིལ་ཚུ་ བཏབ་ཚུགས།

བི་-ཝ་ལེཊ་གིས་བརྒྱུད་འཕྲིན་སྤྱོད་འཐུས་སྤྲོད་ནི།: བརྒྱུད་འཕྲིན་གྱི་སྤྱོད་འཐུས་རྩིས་བཱིལ་ཚུ་ བི་-ཝ་ལེཊ་བརྒྱུད་དེ་ བཏབ་ཚུགས།

འབྲུག་གློག་མེ་ལས་འཛིན་གྱི་སྤྱོད་འཐུས་སྤྲོད་ནི།: བི་-ཝ་ལེཊ་ལག་ལེན་འཐབ་མི་ཚུ་གིས་ བི་-ཝ་ལེཊ་བརྒྱུད་དེ་ འབྲུག་གློག་མེ་ལས་འཛིན་ལུ་ གློག་མེ་སྤྱོད་འཐུས་རྩིས་བཱིལ་ཚུ་ བཏབ་ཚུགས།

བི-ཝ་ལེཊ་ཞབས་ཏོག་ཚུ་བི་ཨོ་བི་དང་མཉམ།

འབྲུག་གི་དངུལ་ཁང་དང་གཅིག་ཁར་ བི་-ཝ་ལེཊ་ཞབས་ཏོག།

འབྲུག་བརྒྱུད་འཕྲིན་གྱི་སྔོན་སྤྲོད་ཁ་སྐོང་: བི་-མོ་བཱ་ཡེལ་ ལག་ལེན་འཐབ་མི་ཚུ་གིས་ རང་སོའི་ ལག་འཆང་འགྲུལ་འཕྲིན་བརྒྱུད་དེ་ འབྲུག་གི་དངུལ་ཁང་ རྩིས་ཁྲའི་ནང་ལས་ འགྲུལ་འཕྲིན་སྔོན་སྤྲོད་ཀྱི་ཨང་ གང་རུང་ནང་ ཐད་ཀར་དུ་ ཁ་སྐོང་འབད་ཚུགས།

འབྲུག་གི་དངུལ་ཁང་གི་མ་དངུལ་གཏོང་ལེན།: བི་-མོ་བཱ་ཡེལ་ལག་ལེན་འཐབ་མི་ཚུ་གིས་ འབྲུག་གི་ཁང་གི་ནང་འཁོད་ རྩིས་ཁྲ་གཅིག་ལས་གཞན་ལུ་ ཏི་རུ་ གཏོང་ལེན་འབད་ཚུགས།

འབྲུག་གློག་མེ་ལས་འཛིན་གྱི་སྤྱོད་འཐུས་སྤྲོད་ནི།: བི་-ཝ་ལེཊ་ལག་ལེན་འཐབ་མི་ཚུ་གིས་ བི་-ཝ་ལེཊ་བརྒྱུད་དེ་ འབྲུག་གློག་མེ་ལས་འཛིན་ལུ་ གློག་མེ་སྤྱོད་འཐུས་ རྩིས་བཱིལ་ཚུ་ བཏབ་ཚུགས།

བི་-མོ་བཱ་ཡེལ་རྒྱ་ཆེའི་སྒྲ་ལམ་སྤྱོད་འཐུས་སྤྲོད་ནི།: རྒྱ་ཆེའི་སྒྲ་ལམ་ སྔོན་སྤྲོད་དང་ཤུལ་སྤྲོད་ཀྱི་ རྒྱུན་མངགས་འབད་མི་ཚུ་གིས་ ད་རིས་ལས་ བི་-ཝ་ལེཊ་བརྒྱུད་དེ་ སྤྱོད་འཐུས་རྩིས་བཱིལ་ཚུ་ བཏབ་ཚུགས།

བི་-ཝ་ལེཊ་གིས་བརྒྱུད་འཕྲིན་སྤྱོད་འཐུས་སྤྲོད་ནི།: བརྒྱུད་འཕྲིན་གྱི་ སྤྱོད་འཐུས་རྩིས་བཱིལ་ཚུ་ བི་-ཝ་ལེཊ་བརྒྱུད་དེ་ བཏབ་ཚུགས།

བི-ཝ་ལེཊ་ཞབས་ཏོག་ཚུ་ བི་དྲི་བི་ཨེལ་དང་མཉམ།

འབྲུག་བརྒྱུད་འཕྲིན་གྱི་སྔོན་སྤྲོད་ཁ་སྐོང་: བི་-མོ་བཱ་ཡེལ་ལག་ལེན་འཐབ་མི་ཚུ་གིས་ རང་སོའི་ ལག་འཆང་འགྲུལ་འཕྲིན་བརྒྱུད་དེ་ འབྲུག་གོང་འཕེལ་དངུལ་ཁང་རྩིས་ཁྲའི་ནང་ལས་ འགྲུལ་འཕྲིན་སྔོན་སྤྲོད་ཀྱི་ཨང་ གང་རུང་ནང་ ཐད་ཀར་དུ་ ཁ་སྐོང་འབད་ཚུགས།

འབྲུག་གོང་འཕེལ་དངུལ་ཁང་གི་མ་དངུལ་གཏོང་ལེན།: བི་-མོ་བཱ་ཡེལ་ལག་ལེན་འཐབ་མི་ཚུ་གིས་ འབྲུག་གི་ཁང་གི་ནང་འཁོད་ རྩིས་ཁྲ་གཅིག་ལས་གཞན་ལུ་ ཏི་རུ་ གཏོང་ལེན་འབད་ཚུགས།

འབྲི་ཤོག་ཕབ་ལེན།

འབྲུག་བརྒྱུད་འཕྲིན་ཚད་དང་ འབྲུག་གི་དངུལ་ཁང་ དེ་ལས་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ཡིག་ཚང་ནང་ལས་ འཐོབ་ཚུགས་ནི་ཨིན་མི་ ཡངན་ བི་-ཝ་ལེཊ་/བི་-དངུལ་ཐོ་བཀོད་ འབྲི་ཤོག་ ཕབ་ལེན་འབད་མི་  བི་-ཝ་ལེཊ་གི་འབྲིཤོག་ དགོ།

འབྲུག་གི་དངུལ་ཁང་ འདི་ནང་ཨེབ་གནང་།
འབྲུག་རྒྱལ་ཡོངས་དངུལ་ཁང་གི
འབྲུག་གོང་འཕེལ་དངུལ་ཁང་གི

བི་-ཝ་ལེཊ་གི་ དེབ་ཆུང་ཡོངས་རྫོགས་ བལྟ་ནིའི་དོན་ལུ་ འབྲུག་གི་དངུལ་ཁང་   འདི་ནང་ཨེབ་གནང་།

བི-ཝ་ལེཊ་བོརོཌ་བེན་ སྤྱོད་གླ་ཚུ་ བི་ཨེན་བི་ དང་ བི་ཨོ་བི་ རྐྱངམ་ཅིག།

བི་-ཝ་ལེཊ་བརྒྱུད་དེ་ རྒྱ་ཆེའི་སྒྲ་ལམ་སྤྱོད་འཐུས་ རྩིས་ཁྲ་བཏབ་ནི། (འབྲུག་རྒྱལ་ཡོངས་དངུལ་ཁང་དང་ འབྲུག་གི་དངུལ་ཁང་རྐྱངམ་གཅིག་)

རྒྱ་ཆེའི་སྒྲ་ལམ་རྒྱུན་མངགས་པའི་ སྔོན་སྤྲོད་དང་ཤུལ་སྤྲོད་ཆ་མཉམ་གྱིས་ ད་རིས་ལས་ སྤྱོད་འཐུས་རྩིས་བཱིལ་ཚུ་ བི་-ཝ་ལེཊ་བརྒྱུད་དེ་ བཏབ་ཚུགས།

བི་-ཝ་ལེཊ་བརྒྱུད་དེ་ རྒྱ་ཆེའི་སྒྲ་ལམ་སྤྱོད་འཐུས་ རྩིས་བཱིལ་ཚུ་ བཏབ་ནིའི་དོན་ལུ།   :

༡. ལག་ལེན་འཐབ་མི་གསརཔ་ཚུ་གིས་ བི་-ཝ་ལེཊ་ཞབས་ཏོག་གི་དོན་ལུ་ བི་-ཝ་ལེཊ་ འབྲི་ཤོག་བཀང་ཞིན་ན་ འབྲུག་བརྒྱུད་འཕྲིན་ཡིག་ཚང་ གང་རུང་ནང་ བཙུགས་ཏེ་ རྒྱུན་མངགས་འབད་དགོ། རྒྱ་ཆེའི་སྒྲ་ལམ་གྱི་སྤྱོད་འཐུས་ བཏབ་ནིའི་དོན་ལུ་ འབྲི་ཤོག་ནང་ཡོད་པའི་ རྒྱ་ཆེའི་སྒྲ་ལམ་བཱིལ་བཏབ་ཀྱི་ གདམ་ཁ་རྐྱབ་གནང་།
༢. ད་ལྟོ་ བི་-ཝ་ལེཊ་སྤྱོད་དེ་ཡོད་མི་ཚོང་མགྲོན་པ་ཚུ་གིས་ རང་སོའི་འགྲུལ་འཕྲིན་ནང་ རྒྱ་ཆེའི་སྒྲ་ལམ་ལག་ལེན་ངོས་འཛིན་ མཛུབ་གནོན་རྐྱབ་ཞིན་ན་ ཨང་༧༥༧༥ ལུ་ གཏང་ཐོག་ལས་ རྒྱ་ཆེ་སྒྲ་ལམ་བཱིལ་བཏབ་ རྒྱུན་མངགས་འབད་ཚུགས།
༣. བི་-ཝ་ལེཊ་ཞབས་ཏོག་སྤྱོད་ནིའི་དོན་ལུ་ ཨང་*༡༡༡# ལུ་ འཕྲིན་བཏང་ཞིན་ན་ “སྤྱོད་འཐུས་བཏབ་” ཟེར་མི་ གདམ་ཁ་རྐྱབ།

བི-ཝ་ལེཊ་བརྒྱུད་འཕྲིན་སྤྱོད་གླ་ བི་ཨེན་བི་ དང་ བི་ཨོ་བི་ རྐྱང་ཅིག།

བི་-ཝ་ལེཊ་ བརྒྱུད་འཕྲིན་སྤྱོད་འཐུས་རྩིས་བཱིལ་བཏབ་ཐངས།

༡.  ལག་ལེན་འཐབ་མི་གསརཔ་ཚུ་གིས་ བི་-ཝ་ལེཊ་ཞབས་ཏོག་གི་དོན་ལུ་ བི་-ཝ་ལེཊ་འབྲི་ཤོག་བཀང་ཞིན་ན་ འབྲུག་བརྒྱུད་འཕྲིན་ཡིག་ཚང་ གང་རུང་ནང་ བཙུགས་ཏེ་ རྒྱུན་མངགས་འབད་དགོ། བརྒྱུད་འཕྲིན་གྱི་སྤྱོད་འཐུས་ བཏབ་ནིའི་དོན་ལུ་ འབྲི་ཤོག་ནང་ཡོད་པའི་ བརྒྱུད་འཕྲིན་སྤྱོད་འཐུས་ རྩིས་བཱིལ་བཏབ་ནིའི་ གདམ་ཁ་རྐྱབ་གནང་།
༢ ད་ལྟོ་ བི་-ཝ་ལེཊ་སྤྱོད་དེ་ ཡོད་མི་ཚོང་མགྲོན་པ་ཚུ་གིས་ རང་སོའི་འགྲུལ་འཕྲིན་ནང་ བརྒྱུད་འཕྲིན་ཨང་ མཛུབ་གནོན་རྐྱབ་ཞིན་ན་ ཨང་༧༥༧༥ ལུ་ གཏང་ཐོག་ལས་ རྒྱ་ཆེ་སྒྲ་ལམ་བཱིལ་བཏབ་ རྒྱུན་མངགས་འབད་ཚུགས།
༣. བི་-ཝ་ལེཊ་ཞབས་ཏོག་སྤྱོད་ནིའི་དོན་ལུ་ ཨང་*111# ལུ་ འཕྲིན་བཏང་ཞིན་ན་ “སྤྱོད་འཐུས་བཏབ་” ཟེར་མི་ གདམ་ཁ་རྐྱབ།

བི-ཝ་ལེཊ་ བི་པི་སི་ སྤྱོད་གླ་ བི་ཨེན་བི་ དང་ བི་ཨོ་བི་ རྐྱངམ་ཅིག།

བི་-ཝ་ལེཊ་བརྒྱུད་དེ་ འབྲུག་གློག་མེ་ལས་འཛིན་གྱི་ གློག་མེ་སྤྱོད་འཐུས་ རྩིས་བཱིལ་བཏབ་ཐངས། (འབྲུག་རྒྱལ་ཡོངས་དངུལ་ཁང་དང་ འབྲུག་གི་དངུལ་ཁང་རྐྱངམ་གཅིག)།
༡. འབྲུག་རྒྱལ་ཡོངས་དངུལ་ཁང་དང་ འབྲུག་གི་དངུལ་ཁང་ཐོག་ལས་ བི་-ཝ་ལེཊ་ཀྱི་ རྩིས་ཁྲ་འཆང་མི་ཚུ་ རང་ཤུགས་ཀྱིས་འབད་ འབྲུག་གློག་མེ་ལས་འཛིན་གྱི་ གློག་མེ་སྤྱོད་འཐུས་ རྩིས་བཱིལ་ བཏབ་ནིའི་དོན་ལུ་ ཐོ་བཀོད་འབདཝ་ཨིན།

༢. བི་-ཝ་ལེཊ་ཞབས་ཏོག་སྤྱོད་ནིའི་དོན་ལུ་ ཨང་*111# ལུ་ འཕྲིན་བཏང་ཞིན་ན་ “སྤྱོད་འཐུས་བཏབ་” ཟེར་མི་ གདམ་ཁ་རྐྱབ།
༣. འབྲུག་གློག་མེ་ལས་འཛིན་གྱི་ གློག་མེ་སྤྱོད་འཐུས་རྩིས་བཱིལ་ བཏབ་ནིའི་ བྱ་རིམ་ ཡོངས་རྫོགས་ འབད།

ཁས་ཕན་ཚུ།
བསྐྱར་གསོ་ཤོག་བྱང་ ཡངན་ ཨི་ལོཌ་གི་དོན་ལུ་ བྱལཝ་འཐབ་མི་དགོ། རང་གི་ འགྲུལ་འཕྲིན་གྱི་ཐོག་ལས་ ཁ་སྐོང་བསྐྱར་གསོ་འབདཝ་ད་ རང་བཞིན་སྲུང་སྐྱོབ་ལུ་ ཕན་རླབས་ཆེ། འགྲུལ་འཕྲིན་གྱི་ འབྲེལ་མཐུད་ཁྱབ་ཚད་ ག་སྟེ་ཡོད་ས་ལས་ ནམ་ར་ཨིན་རུང་ བྱ་སྟབས་བདེ་ཏོག་ཏོ་སྦེ་ བསྐྱར་གསོ་འབད་ཚུགས།
དུས་ཚོད་དང་ ཏི་རུ་ ཆུད་ཟད་བཏང་ནི་ལས་ འཛེམ་ཚུགས། ཏི་རུ་ བཏོང་ལེན་འབད་ནིའི་དོན་ལུ་ དངུལ་ཁང་ནང་འགྱོ་ནི་ ལ་སོགས་པའི་ ལཱ་སྣའི་བྱལཝ་ འཐབ་ར་མི་དགོ།
མ་དངུལ་ཚུ་ གཅིག་གིས་གཅིག་ལུ་ བཏང་ནིའི་དོན་ལུ་ དངུལ་ཁང་ནང་འགྱོ་དགོ་པའི་བྱལཝ་འཐབ་མི་དགོ
དུས་ཚོད་དང་ཏི་རུ་གཉིས་ཆ་ར་ བསྡུ་གསོག་མཛད་གནང་།
མ་དངུལ་ཚུ་ གཅིག་གིས་གཅིག་ལུ་ བཏང་ནིའི་དོན་ལུ་ དངུལ་ཁང་ནང་འགྱོ་དགོ་པའི་བྱལཝ་འཐབ་མི་དགོ
ཞབས་ཏོག་འདི་ཚུ་ཡང་ རིན་མེད་སྟོངམ་དང་ ཆུ་ཚོད་ ༢༤/༧ གི་རིང་ཁར་ ཐོབ་ཆོག་ཆོག་འབད་ཡོད།
Back To Top