འགྲུལ་བསྐྱོད་འཛིན་སྐྱོང་ རིམ་ལུགས།
འགྲུལ་བསྐྱོད་འཛིན་སྐྱོང་རིམ་ལུགས་ཟེར་མི་འདི་ ཡོངས་འབྲེལ་གྱི་ གཞི་རྟེན་ཐོག་ལས་ སྐྱེལ་འདྲེན་དང་འབྲེལ་བའི་ལས་སྣ་ཚུ་ བལྟ་རྟོག་དང་ འགོ་འདྲེན་ དེ་ལས་ མཐུན་རྐྱེན་སྣ་ཚོགས་ བྱིན་མི་རིམ་ལུགས་ཅིག་ལུ་ སླབ་ཨིན། ལས་སྡེའི་དོན་ལུ་ འགྲུལ་བསྐྱོད་འབད་ནིའི་གྱངས་ཁ་ཚུ་ ཡར་སེང་འགྱོ་མི་དང་འབྲེལ་ འགྲུལ་བསྐྱོད་འཛིན་སྐྱོང་དང་ འགྲུལ་བསྐྱོད་ཤུལ་འཚོལ་འབད་ནི་ དེ་ལས་ འགྲུལ་བསྐྱོད་འགོ་འདྲེན་འཐབ་ནིའི་དོན་ལུ་ འགྲུལ་བསྐྱོད་འཛིན་སྐྱོང་རིམ་ལུགས་ བཀོལ་སྤྱོད་འབད་ནི་དེ་ ག་ནི་བ་གལ་ཆེ།
རིམ་ལུགས་འདི་ ཟིནཌ་ སྒྲིག་ལས་ (ཟེནཌ༌ ཕེ་རེམ་ཝརཀ་) གྱི་ཁ་སྐད་དང་ མ་རི་ཡ་ཌི་བི་ གནས་སྡུད་གཞི་རྟེན་(ཌེ་ཊ༌ བེསི་) གི་ རྒྱབ་མཐའ་དོན་ལས་ གོ་ཡངས་འཕྲུལ་རིག་ ལག་ལེན་འཐབ་སྟེ་ བཟོ་བཟོཝ་ཅིག་ ཨིན། རིམ་ལུགས་འདི་ ལག་ལེན་འཐབ་མི་ཚུ་གི་དོན་ལུ་ གློག་རིམ་དཀར་ཆག་ཚུ་ བཏོན་ཐོག་ལས་ ལག་ལེན་འཐབ་བཅུགཔ་ཨིནམ་ད་ དགོས་མཁོའི་གནད་དོན་ཚུ་ འཇམ་ཏོག་ཏོ་སྦེ་ སྤྱོད་ཚུགས།
ཚོང་ལས་འཛིན་སྐྱོང་རིམ་ལུགས་འདི་ དེ་སྔ་ཡོད་པའི་ སྤྱོད་སྒོ་གུ་ རིམ་ཚད་དང་ ལས་ཚད་གསརཔ་ཚུ་ གཅིག་ཁར་བསྡོམ་ནི་དང་ ཁ་སྐོང་སྐྱེལ་ནིའི་གདམ་ཁ་དང་སྦྲགས་ ཡོངས་འབྲེལ་ སྤྱོད་སྒོ་དང་ འཇལ་ཚུགས་པའི་ རིམ་ལུགས་ཚུ་ གོ་ཡངས་ཏོག་ཏོ་སྦེ་ བཟོ་ཡོདཔ་ཨིན། འགྲུལ་བསྐྱོད་རིམ་ལུགས་ཀྱིས་ ཁྱོད་ཆོས་དང་ ལས་ཚད་ཚུ་ གཤམ་གསལ་ཐོ་བཀོད་འབད་དེ་ཡོད།

ཁྱད་ཆོས།
སྣུམ་འཁོར་ ཁ་གསལ་གཞི་རྟེན།
སྣུམ་འཁོར་དང་ དེད་གཡོགཔ་གི་ ཐོབ་སྐལ།
སྣུམ་འཁོར་ འཛིན་སྐྱོང་ཡིག་ཆ།
སྣུམ་འཁོར་ ཐོ་བཀོད་དང་ ཉེན་བཅོལ།
ཞབས་ཏོག་དང་ ཉམས་བཅོས།
ཁྲིམས་བཤིག་/ཉེས་སྤྱོད་དང་ གློ་བུར་གྱི་བར་རྐྱེན།
རྒྱལ་སྤྱི་གནས་འཚོལ་ རིམ་ལུགས་(ཇི་པི་ཨེསི) ཤུལ་འཚོལ།
སྣུམ་འཁོར་ ཡིག་ཆ་དུས་མཐུན་འབད་ནིའི་དོན་ལུ་ རང་ཤུགས་ཀྱི་དྲན་གསོ།
ཡིག་འཕྲིན་དང་ གློག་འཕྲིན་ཁ་བྱང་ དེ་ལས་ རིམ་ལུགས་བརྒྱུད་དེ་ དྲན་བརྡ་དང་གསལ་བསྒྲགས་ཀྱི་ གདམ་ཁ།