
གློག་འཕྲིན་གསར་བཙུགས་ ཞབས་ཏོག།
- འབྲུག་བརྒྱུད་འཕྲིན་གྱིས་ བི་ཊི་ནང་ ཐོ་བཀོད་འབད་མི་ མངའ་འོག་ག་ར་ལུ་ གློག་འཕྲིན་གསར་བཙུགས་ཀྱི་ ཞབས་ཏོག་བྱིནམ་ཨིན། འདི་གིས་ ཁྱོད་རའི་གློག་འཕྲིན་ཁ་བྱང་དེ་ email@yourdomain.bt སྦེ་འོངམ་ཨིན། གློག་འཕྲིན་ཁ་བྱང་འདི་ དོན་མེད་ཡིག་བསྐུར་(སི་པམ་ བུཊ་)ལས་ སྲུང་སྐྱོབ་འབདཝ་ཨིན། འདི་བལྟ་ནིའི་དོན་ལུ་ ཇ་ཝ་ སི་ཀི་རིཔ་ ལག་ལེན་འཐབ་དགོཔ་ད་ འདི་ འབྲུག་བརྒྱུད་འཕྲིན་ནང་ གསར་བཙུགས་འབད་ཚུགས་ནི་དང་ དེ་གིས་ ངོས་འཛིན་དང་བཙང་བཟོ་མཉེན་ཆས་གསརཔ་ཚུ་ བཙུགས་སྒྲིག་འབད་ཞིན་ན་ གློག་འཕྲིན་གྱི་ གནོད་འབུབ་རིགས་ ཉིན་ནུབ་མེད་པར་ སྲུང་སྐྱོབ་འཐབ་སྟེ་ར་ བཞག་འོང་། གློག་འཕྲིན་གསར་བཙུགས་འབདཝ་ད་ གཞི་མེད་གློག་འཕྲིན་(པོཔ་མེལ་)དང་ http://mail.yourdomain.bt ལས་ བལྟ་ཚུགས་པའི་ ཡོངས་འབྲེལ་གཞི་རྟེན་གློག་འཕྲིན་ཟེར་ དབྱེ་བ་གཉིས་ ཡོད།
གློག་འཕྲིན་ བདེ་སྒྲིག།
- གློག་འཕྲིན་གྱི་བདག་སྐྱོང་དེ་ //mail. yourdomain.bt:༩༠༠༠ གི་ཡོངས་འབྲེལ་བརྒྱུད་དེ་ ཡོངས་འབྲེལ་བདག་སྐྱོང་པ་གིས་ འབདཝ་ཨིནམ་ད་ གློག་འཕྲིན་སྒྲོམ་བཟོ་ནི་དང་ ཡོངས་འབྲེལ་དང་ གཞི་འབྲེལ་གྱི་ ཕྱི་ཕྱོགས་ལེགས་བཅོས་ གློག་འཕྲིན་སྒྲོམ་ཀྱི་ ཐོབ་སྐལ་ དེ་ལས་ ལས་སྣ་ལེ་ཤ་ར་ བཟོཝ་ཨིན།
སྤྱོད་ཚན་ཡོད་པ།
- གློག་འཕྲིན་གྱི་བདག་སྐྱོང་དེ་ //mail. yourdomain.bt:༩༠༠༠ གི་ཡོངས་འབྲེལ་བརྒྱུད་དེ་ ཡོངས་འབྲེལ་བདག་སྐྱོང་པ་གིས་ འབདཝ་ཨིནམ་ད་ གློག་འཕྲིན་སྒྲོམ་བཟོ་ནི་དང་ ཡོངས་འབྲེལ་དང་ གཞི་འབྲེལ་གྱི་ ཕྱི་ཕྱོགས་ལེགས་བཅོས་ གློག་འཕྲིན་སྒྲོམ་ཀྱི་ ཐོབ་སྐལ་ དེ་ལས་ ལས་སྣ་ལེ་ཤ་ར་ བཟོཝ་ཨིན།
གློག་འཕྲིན་སྒྲོམ། | སྤྱོད་གླ་ཚུ། | གནས་ཡུན། |
གི་ག་བ་ཡེཀ་རེ་འབད་མི་ གློག་འཕྲིན་སྒྲོམ་༣༠ | ༣༡༠༠ | ལོ་ཅིག། |
གི་ག་བ་ཡེཀ་རེ་འབད་མི་ གློག་འཕྲིན་སྒྲོམ་༡༠༠ | ༧༥༠༠ | ལོ་ཅིག། |
བྱ་བའི་རིམ་པ།
- གློག་འཕྲིན་གསར་བཙུགས་ཞབས་ཏོག་འཐོབ་ནིའི་དོན་ལུ་ འབྲི་ཤོག་བཀང་ཞིནམ་ལས་ ཉེ་འདབས་ཀྱི་ བརྒྱུད་འཕྲིན་བཏོང་ལེན་ཡིག་ཚང་ནང་བཙུགས་དགོ།
དགོས་མཁོ།
ཞབས་ཏོག་འཐོབ་ནིའི་དོན་ལུ་ ཌོཊ་བི་ཊི་ (.bt) འོག་གི་ མངའ་འོག་མིང་ ཐོ་བཀོད་འབད་མི་དགོ།
མངའ་འོག་ཐོ་བཀོད་འཐུས་དང་ གློག་འཕྲིན་གསར་བཙུགས་འཐུས་ཚུ་ སོ་སོ་སྦེ་ ཕོགས།
གློག་འཕྲིན་སྡེ་ཚན་ཞབས་ཏོག།
སྡེ་ཚན་གཅིག་གི་ནང་ གློག་འཕྲིན་གྱི་གྱངས་ཁ། | གོང་ཚད་ལོ་བསྟར། |
༥ | ༧༠༠ |
༡༠ | ༡༠༠༠ |
༡༥ | ༡༢༥༠ |